[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱིས་འགྲིམ་འགྲུལ་སྔོན་ལ་ལག་བསྟར་བྱས་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-06

    དུས་ཡུན་རིང་པོའི་ནང་། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་དམངས་འཚོར་ཞབས་འདེཌ་ཞུ་བ་དང་འགྲིམ་འགྲུལ་ཕྱིར་སྐྱོད་ཀྱི་ཁོར་ཡུག་ལེགས་སུ་གཏོང་རྒྱུར་དམིཌ་ནས། འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་འགྲོ་བར་བརྟེན་ཏེ་འདྲ་མཉམ་དང་། མཐུན་སྒྲིལ། རོཌ་རེས། ཞི་མཐུན་བཅས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་བཏང་ཡོད།

    “ལོ་ལྔ་ཚན་བཅུ་གསུམ་པ”ནས་བཟུང་། ཁ་རུབ་ཆུས་ཀྱིས་རྗེས་ལུས་ཀྱི་འགྲིམ་འགྲུལ་རྣམ་པར་འགྱུར་ལྡོག་གཏོང་ཆེད། མ་དངུལ་དང་རྣམ་གྲངས་བརྩོན་ལེན་ཧུར་ཐག་བྱས་པ་དང་གཙོ་གནད་རྣམ་གྲངས་དང་སྤྱིར་བཏང་གི་གྲོང་གསེབ་གཞུང་ལམ་རྣམ་གྲངས་153ལག་བསྟར་བྱས་པར་མ་དངུལ་སྒོར་དུང་ཕྱུར་91.8བཏང་སྟེ། གཞུང་ལམ་གསར་སྐྲུན་དང་བསྐྱར་སྐྲུན་བྱས་པའི་ལམ་ཚད་བསྡོམས་སྤྱི་ལེ་1128ཟིན་ཡོད། རྒྱ་ཆེ་བའི་འགྲོ་ལམ་རེ་རེ་བཞིན་མང་ཚོཌ་ཕྱིར་སྐྱོད་པའི“དམངས་འཚོའི་ལམ་བུ”དང་། ཐོན་ལས་འཕེལ་རྒྱས་ཀྱི“དབུལ་སྒྲོལ་ལམ་བུ”ལས་གཏོད་འབབ་འཕར་གྱི“ཕྱུག་འགྱུར་ལམ་བུ”བཅས་སུ་གྱུར་ནས་ས་མཐོར་མི་རིཌ་མཐུན་སྒྲིལ་གྱི་མེ་ཏོག་རབ་ཏུ་བཞད།

    2018ལོ་ནས་བཟུང་། ཁ་རུབ་ཆུས་ཀྱིས་མ་དངུལ་སྒོར་ཁྲི་2404བསྡུ་སྒྲིལ་བྱས་ཏེ“མཐའ་མའི་འགག་གནད”ཀྱི་དུད་ཚང་དུ་སྐྱོད་པའི་འགྲོ་ལམ་གྱི་རྣམ་གྲངས་ལག་བསྟར་བྱས་ཡོད། དུད་ཚང་དུ་སྐྱོད་པའི་འགྲོ་ལམ་སྤྱི་ལེ་1100ལྷག་ཙམ་བསྐྲུན་པར་ཤང་གྲོང་15ཡི་སྲིད་འཛིན་གྲོང་ཚོ་62དང་རང་བྱུང་གྲོང་ཚོ་147ལ་ཁྱབ་ནས་མང་ཚོགས་ཁྲི་2ལྷག་ཙམ་ལ་ཕན་པ་ཐོབ་ཡོད། “མཐའ་མའི་འགག་གནད”ཀྱི་དུད་ཚང་དུ་སྐྱོད་པའི་འགྲོ་ལམ་བསྐྲུན་པ་བརྒྱུད། འགྲིམ་འགྲུལ་དྲ་རྒྱ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་སོང་ནས་ཏང་སེམས་དང་དམངས་སེམས་སྦྲེལ་མཐུད་ཐུབ་སྟེ་མི་རིགས་མཐུན་སྒྲིལ་གྱི་ཞི་མཐུན་གླུ་དབྱངས་ས་མཐོ་དང་ཆེས་གཞི་རིམ་དུ་གྲགས་ཡོད།

    ཁ་རུབ་ཆུས་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་ཞིང་འབྲོག་པ་41གི་ཨར་སྐྲུན་ཁེ་ལས་ལ་འགྲིམ་འགྲུལ་རྣམ་གྲངས་སྐྲུན་འགན་འཁུར་རྒྱུར་རོགས་རམ་བྱས་པར་རྣམ་གྲངས་ཀྱི་མ་འཇོག་བསྡོམས་སྒོར་ཁྲི་7595.63ཟིན་ཏེ་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་2000བྱུང་བ་རེད།

    2018ལོ་ནས་བཟུང་། ཁ་རུབ་ཆུས་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས“ཁེ་ལས་བརྒྱས་གྲོང་ཚོ་བརྒྱར་རོགས་རམ”བྱེད་པའི་བྱེད་སྒོ་གཞི་རྟེན་དུ་བྱས་ནས། ཁོངས་གཏོཌ་ཁུལ་གྱི་འགྲིམ་འགྲུལ་རྣམ་གྲངས་ནང་ཞུགས་མཁན་ཁེ་ལས་16དང་སྦྲེལ་མཐུད་ཧུར་ཐག་བྱས་ནས་ཁྱོན་མ་དངུལ་སྒོར་ཁྲི་50གྲབས་གསོག་བྱས་ཏེ། གནད་སྨིན་དབུལ་སྐྱོར་གྱི་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དུད་ཚང་200ལ་རོགས་རམ་བྱེད་པའི་ལས་དོན་ཐད་སྤྱད་པ་དང་། ཞིང་འབྲོག་མང་ཚོགས་དང་མཛའ་གྲོགས་ཟབ་ཏུ་བཏང་སྟེ་ཁ་རུབ་ཆུས་ཀྱི་མི་རིགས་མཐུན་སྒྲིལ་གྱི་བྱ་གཞག་ལ་སྟོབས་ཤུགས་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།