[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གསར་དུ་བཟོ་བཅོས་བརྒྱབ་པའི《བོད་རང་སྐྱོང་ལྗོངས་ཀྱི<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བུད་མེད་ཀྱི་ཁེ་དབང་འགན་ལེན་བཅའ་ཁྲིམས>ལག་བསྟར་བྱ་ཐབས》ཟླ་1པོའི་ཚེས་1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-02

     ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་གསལ། གསར་དུ་བཟོ་བཅོས་བརྒྱབ་པའི《བོད་རང་སྐྱོང་ལྗོངས་ཀྱི<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བུད་མེད་ཀྱི་ཁེ་དབང་འགན་ལེན་བཅའ་ཁྲིམས>ལག་བསྟར་བྱ་ཐབས》(གཤམ་དུ“《ལག་བསྟར་བྱ་ཐབས》”ཞེས་བསྡུ་རྒྱུ)2018ལོའི་ཟླ་1པོའི་ཚེས་1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 《ལག་བསྟར་བྱ་ཐབས》དེར་ཁྱོན་ས་བཅད་དགུ་དང་དོན་ཚན་ཞེ་བརྒྱད་ཡོད་པ་དང་། དེའི་ནང་བུད་མེད་ཀྱི་ཆབ་སྲིད་དབང་ཆ་དང་། རིག་གནས་སློབ་གསོའི་ཁེ་དབང་། ངལ་རྩོལ་དང་སྤྱི་ཚོགས་འགན་ལེན་གྱི་ཁེ་དབང་། རྒྱུ་ནོར་གྱི་ཁེ་དབང་། མི་ལུས་ཀྱི་དབང་ཆ། གཉེན་སྒྲིག་དང་ཁྱིམ་ཚང་གི་ཁེ་དབང་བཅས་ཕྱོགས་དྲུག་གི་ཐད་གཏན་འབེབས་ཞིབ་ཕྲ་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 《ལག་བསྟར་བྱ་ཐབས》དེ་1994ལོར་དངོས་སུ་ཡོངས་བསྒྲགས་ཐེངས་དང་པོ་བྱས་ནས་ལག་ལེན་བསྟར་བ་དང་། 1997ལོར་བཟོ་བཅོས་ཐེངས་དང་པོ་ལེགས་གྲུབ་བྱུང་བ། 2009ལོར་བཟོ་བཅོས་ཐེངས་གཉིས་པ་བརྒྱབ་པ་དང་ད་ཐེངས་ནི་བཟོ་བཅོས་རྒྱག་ཐེངས་གསུམ་པ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།