[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཁྲོམ་རའི་བྱ་སྤྱོད་ཚད་ལྡན་དང་། ལས་གྲྭའི་བདེ་འཇགས་འགན་ལེན། ལས་གྲྭའི་སྤུས་ཚད་མཐོར་གཏོང་།

    བོད་ཀྱིས་ལས་གྲྭའི་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ཁྲོམ་རའི་ཁོར་ཡུག་བཅོས་སྒྲིག་ལ་ཤུགས་སྣོན་བརྒྱབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-13

    2017ལོའི་ཟླ་5ཚེས་1ཉིན་ནས་བཟུང་། རང་ལྗོངས་ཀྱི་ལས་གྲྭའི་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ཁྲོམ་རའི་ཁོར་ཡུག་བཅོས་སྒྲིག་ལས་དོན་སྤེལ་ཚུན། རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་དང་ཁོངས་མིའི་ཚན་པ་ཁག་གིས《བོད་རང་སྐྱོང་ལྗོངས་ཀྱི་ལས་གྲྭའི་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ཁྲོམ་རའི་ཁོར་ཡུག་བཅོས་སྒྲིག་ལས་དོན་གྱི་ལག་བསྟར་ཇུས་གཞི་པར་འགྲེམས་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་ལས་ཐིང་གི་བརྡ་ཐོའི》བླང་བྱ་གཞིར་བཟུང་། བྱེད་སྟངས་སྔར་བས་གསར་གཏོད་བྱེད་པ་དང་། སྤྱི་འདོམས་མཐུན་སྦྱོར་བྱེད་པ། གཙོ་གནད་མངོན་གསལ་དོད་དུ་གཏོང་བ། ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་རང་ལྗོངས་ཀྱི་ལས་གྲྭའི་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ཁྲོམ་རའི་སྣང་ཚུལ་ངན་པ་ནུས་ཤུགས་ཡོད་རྒུས་བཅོས་སྒྲིག་བྱས་པ་དང་། ཆེད་དོན་བཅོས་སྒྲིག་དང་གྲལ་བཤེར་གྱི་ལས་དོན་ཤུགས་ཆེན་སྤེལ་བས་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་རེད།

    ལས་གྲྭའི་དངུལ་དང་ཞིང་པ་ལས་མིའི་གླ་ཆ་གཏོང་སྤྲོད་ཀྱི་གནས་ཚུལ་གྲལ་བཤེར་བྱས་པ།

    རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་ཆེད། རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་དང་ཁོངས་མིའི་ཚན་པ་ཁག་གིས་བྱེད་ཐབས་ནུས་ལྡན་སྤྱད་དེ་ལས་གྲྭའི་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ལས་གྲྭའི་དངུལ་དང་ཞིང་པ་ལས་མིའི་གླ་ཆ་གཏོང་སྤྲོད་ཀྱི་གནས་ཚུལ་རང་འགུལ་ངང་གྲལ་བཤེར་བྱས་ཏེ་ལས་གྲྭའི་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་སྤྱི་ཡོངས་ཀྱི་དུས་བབ་བརྟན་པོ་ཡོང་རྒྱུ་འགན་ལེན་བྱས་ཡོད།

    ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་སྐྲུན་བཞིན་པ་དང་མཇུག་རྩིས་བརྒྱབ་མེད་པའི་རྣམ་གྲངས་ལ་ལས་གྲྭའི་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ལས་གྲྭའི་དངུལ་དང་ཞིང་པ་ལས་མིའི་གླ་ཆ་གཏོང་སྤྲོད་གནས་ཚུལ་གྱི་ཆེད་དོན་གྲལ་བཤེར་ལས་དོན་སྤེལ་བ་རེད།

    ངལ་རྩོལ་མི་སྤྱོད་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་ཆེད། ཆབ་མདོ་གྲོང་ཁྱེར་གྱིས་ཨར་སྐྲུན་ལས་གྲྭའི་ཁེ་ལས་25ལ་འཐེན་བཤེར་བྱས་ནས་ངལ་རྩོལ་གན་རྒྱ་70ལྷག་ཙམ་གསབ་འགོད་དང་མཐུད་འགོད་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། ངལ་རྩོལ་ཁེ་དབང་སྲུང་སྐྱོང་གི་སྤྱི་བསྒྲགས་བྱང་བུ་འཛུགས་རྒྱུར་སྐུལ་འདེད་བཏང་བ། ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གྱོད་གཞི་3བདག་སྤྲོད་དང་ཐག་གཅོད་བྱས་ཡོད།

    ཨར་སྐྲུན་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་འགན་ལེན་བྱས་པ།

    རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་དང་ཁོངས་མིའི་ཚན་པ་ཁག་གིས་ལྗོངས་ཡོངས་ཀྱི་ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ཁྲོམ་རའི་ཁོར་ཡུག་བཅོས་སྒྲིག་ལས་དོན་གྱི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། ཨར་སྐྲུན་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་གྲལ་བཤེར་ཞིབ་ཚགས་བྱས་པ་རེད།

    ལྷ་ས་གྲོང་ཁྱེར་གྱིས“ཁྲིམས་འགལ་ལ་རྡུང་རྡེག་དང་སྒྲིག་འགལ་བཅོས་སྒྲིག”གི་དམ་བསྒྲགས་རྣམ་པ་རྒྱུན་མཐུད་ངང་མཐའ་འཁྱོངས་བྱས་ནས་ཨར་སྐྲུན་བྱ་ཡུལ་99ལ་ཞིབ་བཤེར་བྱས་ཏེ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་130བསལ་བ་དང་། ས་གནས་ས་ཐོག་ཏུ་གནད་དོན་64ལ་བཅོས་སྒྲིག་བྱེད་དགོས་པའི་བཀའ་བཏང་བ། གནད་དོན་147ལ་དུས་བཀག་བཟོས་ནས་བཅོས་སྒྲིག་བྱས་པ། ཁེ་ལས་31ལས་མཚམས་བཞག་ནས་བཅོས་སྒྲིག་བྱེད་དུ་བཅུག་པ་རེད།

    གཞིས་རྩེ་གྲོང་ཁྱེར་གྱིས་འཛུགས་སྐྲུན་རྣམ་གྲངས་ཀྱི་འོས་སྐུལ་འོས་དཔོད་བྱེད་སྒོའི་རང་བཤེར་དང་རང་ངོས་ཡོ་བསྲང་བྱེད་རིང་འཛུགས་སྐྲུན་རྣམ་གྲངས་47ལ་ཞིབ་བཤེར་བྱས་ནས་འབྲེལ་ཡོད་ཁྲོམ་རའི་བྱེད་པོའི་ཉོ་ཚོང་ཁྲོད་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་18དང་འོས་སྐུལ་ལྟ་སྐུལ་སྡེ་ཚན་དང་ཉོ་ཚོང་ལྟེ་གནས་ཀྱི་སྒྲིག་འགལ་གནད་དོན་2ཤེས་རྟོཌ་ཐུབ་ནས་ད་ཆ་བཅོས་སྒྲིག་ལས་དོན་ལེགས་གྲུབ་བྱུང་བ་རེད།

    ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་སྡོད་ཁང་དང་གྲོང་ཁྱེར་སྒྲིག་བཀོད་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་གྲལ་བཤེར་བྱས་ཏེ་ཨར་སྐྲུན་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་རྣམ་པ་བཟང་པོ་སྲ་བརྟན་དུ་བཏང་ཡོད།

    ཨར་སྐྲུན་རྒྱུ་ཆའི་སྤུས་ཚད་ལ་ཁྲིམས་འཛིན་ཞིབ་བཤེར་བྱས་པ།

    རང་ལྗོངས་ཀྱི་ཨར་སྐྲུན་རྒྱུ་ཆའི་ཁྲོམ་རའི་བྱ་སྤྱོད་སྔར་བས་ཚད་ལྡན་དུ་གཏོང་བ་དང་། ཁྲོམ་རའི་ཡིད་རྟོན་མ་ལག་གཏོད་རྒྱུར་སྐུལ་འདེད་གཏོང་བ། ཡོངས་བསྒྲགས་དང་དྲང་གཞག འགྲན་རྩོད་གོ་རིམ་དང་ལྡན་པ། ཁ་དན་ཚིག་གནས་བཅས་ཀྱི་ཨར་སྐྲུན་རྒྱུ་ཆའི་ཁྲོམ་རའི་ཁོར་ཡུག་ཅིག་གཏོད་ཆེད། ཉེ་དུས་རང་སྐྱོང་ལྗོངས་སྤུས་ཚད་ལག་རྩལ་ལྟ་སྐུལ་ཅུས་ཀྱིས་རང་ལྗོངས་ཀྱི་ཨར་སྐྲུན་རྒྱུ་ཆའི་ཐོན་རྫས་ཐོན་སྐྱེད་དང་བྲིན་ཚོང་ཁེ་ལས་ལ་ཨར་སྐྲུན་རྒྱུ་ཆའི་ཐོན་རྫས་སྤུས་ཚད་ལ་ལྟ་སྐུལ་དང་ཁྲིམས་འཛིན་ཞིབ་བཤེར་བྱས་པ་རེད། ཞིབ་བཤེར་གནས་ཚུལ་ལ་བལྟས་ཚེ། སྤྱི་ཡོངས་ཀྱི་གནས་ཚུལ་ལེགས་པོ་ཡོད་པས་ཐོན་སྐྱེད་བྲིན་ཚོང་གི་འཛུགས་སྐྲུན་རྒྱུ་ཆ་རྫུས་མ་བཟོས་པའི་ཁྲིམས་འགལ་བྱེད་སྤྱོད་ཐོན་མེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།