[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གཞི་རིམ་གྱི་ཏང་འཛུགས་སྐྱོང་བརྟན་དུ་བཏང་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཝང་ཧྲན།    |    སྤེལ་དུས།   2018-10-12

    ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་། གཞི་རིམ་གྱི་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་རྩ་འཛུགས་ཀྱི་འཇོན་ཐང་ཆེ་རུ་གཏོང་རྒྱུ་དེ་གཙོ་གནད་དུ་བརྩིས་ནས་ཆབ་སྲིད་ཀྱི་འཇོན་ཐང་མངོན་གསལ་དོད་པོ་ཡོང་བར་བྱེད་དགོས་ཞེས་ནན་བཤད་བྱས་ཡོད། དེ་ནི་ཏང་ཀྲུང་དབྱང་གིས་གཞི་རིམ་གྱི་རྩ་འཛུགས་འཛུགས་སྐྱོང་ལ་བཏོན་པའི་དམིགས་ཚད་གསར་པ་དང་། ངེས་གནས་གསར་པ། བླང་བྱ་གསར་པ་རེད། ཏང་གི་སྟོབས་ཤུགས་ནི་རྩ་འཛུགས་ལས་བྱུང་བ་དང་། རྩ་འཛུགས་ཀྱི་སྟོབས་ཤུགས་ནི་རྩ་འཛུགས་ཀྱི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་མཚོན་ཚུལ་ཞིབ་ཕྲ་རེད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་དུས་རབས་གསར་པའི་གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་ངེས་པར་དུ་ཆབ་སྲིད་ཀྱི་འཇོན་ཐང་སྔར་བས་མངོན་གསལ་དོད་པོ་དང་རྩ་འཛུགས་ཀྱི་འཇོན་ཐང་སྔར་བས་ཆེ་རུ་གཏོང་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་བྱེད་ཐབས་དང་བྱེད་སྟངས་གསར་གཏོད་ཀྱིས་ནུས་ཤུགས་རྒྱུན་མི་ཆད་པར་འདོན་པ་དང་སྙིང་རུས་གཏན་འཁྱོངས་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ཁྱོན་ཡོངས་ནས་ཡར་རྒྱས་གོང་འཕེལ་དང་ཕྱོགས་ཡོངས་ནས་ཉམས་སད་ཐེག་པར་སྐུལ་མ་གཏོང་དགོས།

    ཆབ་སྲིད་ཀྱི་ནུས་པ་མངོན་གསལ་དོད་པོ་ཡོང་བ་བྱེད་པར་སྔོན་ལ་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་གི“སྣེ་ཁྲིད”ཀྱི་ནུས་པ་ཐོན་པར་བྱེད་དགོས། དེ་ནི་གཞི་རིམ་གྱི་ཏང་རྩ་འཛུགས་ཀྱི་ནུས་མེད་ཟབ་ཟོབ་ཀྱི་གནད་དོན་ཐག་གཅོད་དང་རྩ་འཛུགས་ཀྱི་འཇོན་ཐང་ཆེ་རུ་གཏོང་བའི་རྨང་གཞི་དང་འགག་རྩ་རེད། རྩ་འཛུགས་ཀྱི་འཚོ་བ་ཚད་ལྡན་དུ་གཏོང་བར་གཞི་རིམ་གྱི་ཏང་རྩ་འཛུགས་ཁག་གཅིག་གི་འཚོ་བ་རྒྱུན་གཏན་མེད་པ་དང་། ཚད་དང་མི་མཐུན་པ། ནན་པོ་མེད་པ་བཅས་ཀྱི་གནད་དོན་ལ་དམིགས་ནས། ཏང་ནང་ཁུལ་གྱི་འཚོ་བ་ནན་དུ་གཏོང་རྒྱུ་དེ་ཆབ་སྲིད་ཀྱི་ནུས་པ་མངོན་གསལ་དོད་པོ་ཡོང་བའི་ཐབས་ལམ་གཙོ་བོར་བརྩིས་ནས་ཆབ་སྲིད་ཀྱི་རང་བཞིན་དང་སྒམ་ནན་ཚོར་སེམས་དང“འདུ་ཤེས་བཞི”ཟབ་ཏུ་བཏང་སྟེ་ཏང་གཤིས་བློ་སྦྱོང་གི་ཁྲོ་ཐབ་ཀྱི་མེ་ཚ་རུ་གཏོང་དགོས།

    ཞབས་ཞུའི་འཇོན་ཐང་སྔར་བས་ཆེ་རུ་བཏང་ནས་གྲོང་གསེབ་ཀྱི་སྤྱི་ཚོགས་ཀྱི་དགོས་མཁོའི་འགྱུར་ལྡོག་གསར་པ་དང་ཁྱད་ཆོས་གསར་པར་གཞིས་ཚུགས་ཏེ་གྲོང་གསེབ་སྒྱུར་བཅོས་ལ་སྣེ་ཁྲིད་ཀྱིས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་གི་འཇོན་ཐང་ཆེ་རུ་འགྲོ་བར་འཇོན་ནུས་ཐད་ནས་འདེགས་སྐྱོར་བྱེད་དགོས། མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བ་ནི་གྲོང་གསེབ་ཐུན་མོང་ཐོག་ཕྱུག་པོར་འགྱུར་བའི་ཐབས་ལམ་གཙོ་བོ་ཞིག་རེད། གྲོང་གསེབ་ཀྱི་ཏང་རྩ་འཛུགས་ཀྱིས་གྲོང་གསེབ་ཀྱི་རེས་སྐོར་གསར་པའི་སྒྱུར་བཅོས་ལ་སྐུལ་མ་ཤུགས་ཆེན་བཏང་ནས་ས་ཞིང་ནང་བཤུག་ལ་སྐུལ་འདེད་ཀྱིས་ཁ་ཐོར་གྱི་ས་ཞིང་མཉམ་དུ་བསྡུ་རུབ་བྱས་ཏེ། གླིང་བགོས་ནས་གཞི་ཁྱོན་ཅན་དང་ཞིབ་གཉེར་ཅན་ལ་འགྱུར་བར་བྱེད་པ་དང་། མཉམ་སྡེབ་ཀྱི་བདག་དབང་ལམ་ལུགས་སྒྱུར་བཅོས་ལ་སྐུལ་མ་བཏང་ནས་གྲོང་གསེབ་ཀྱི་དཔལ་འབྱོར་རྩ་འཛུགས་འཁོར་སྐྱོད་ཀྱི་ལམ་སྲོལ་འཛུགས་པ་དང་ཐོན་ཁུངས་གང་འགབ་ཅི་སྤྱོད་ཡོང་བར་བྱས་ཏེ། ཐོན་ཁུངས་རྒྱུ་ནོར་ལ་འགྱུར་བ་དང་། རྒྱུ་ནོར་རྐང་དངུལ་ལ་འགྱུར་བ། ཞིང་པ་རྐང་དངུལ་དབང་མཁན་ལ་འགྱུར་བར་བྱེད་དགོས། ཞིང་པ་བསྐྱར་དུ་སྒྲིག་འཛུགས་བྱས་ནས་ཞིང་པ་ཁ་ཐོར་ཤུགས་ཆེ་བ་དང་གཅིག་རྐྱང་ངང་ལས་ཀ་བྱེད་པ་ནས་དཔུང་བསྒྲིགས་ཏེ་འཕེལ་རྒྱས་ཡོང་བར་བྱེད་དགོས། གྲོང་གསེབ་ཀྱི་མཉམ་སྡེབ་ལ་ཡོང་སྒོ་བྱུང་ན་དོན་དག་སྒྲུབ་པའི་མ་དངུལ་ཡོད་པ་དང་གྲོང་ཚོའི་ཏང་རྩ་འཛུགས་ལ་སྐད་ཆ་ཤོད་དབང་ཡོད། དེས་ན་མང་ཚོགས་ཁྲོད་ཀྱི་དབང་གྲགས་སྔར་བས་ཆེ་རུ་འགྲོ་སྲིད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།