[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གཉའ་ལམ་འགག་སྒོ་སྤྱི་བདེ་ཡན་ལག་ཅུས་ཀྱིས“སྐད་གཉིས་སློབ་སྦྱོང་གི”བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-13

    མི་དམངས(ལས་རོགས)ཉེན་རྟོག་པས“སྐད་གཉིས”ཁོང་དུ་ཆུད་པ་དང་བེད་སྤྱོད་གཏོང་བའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་ཆེད། “ཆབ་སྲིད་ལ་བརྟེན་ནས་ཉེན་རྟོག་པའི་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་གྱིས་ཉམས་སད་ཐེག་པའི་སྤྱི་བདེའི་དཔུང་ཁག་ཅིག་གཏོད་པའི”ཆེད་དོན་སློབ་གསོའི་བཅོས་སྒྲིག་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ། ཉེ་ཆར། གཉའ་ལམ་འགག་སྒོ་སྤྱི་བདེ་ཡན་ལག་ཅུས་ཀྱིས“སྐད་གཉིས་སློབ་སྦྱོང”གི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད།

    སློབ་སྦྱོང་བྱས་པ་བརྒྱུད་མི་དམངས(ལས་རོཌ)ཉེན་རྟོག་པས་རྨང་གཞིའི་རྒྱུན་སྤྱོད་ཐ་སྙད་དང་ཉེན་དོན་ཐ་སྙད་ཁག་གཅིག་ཁོང་དུ་ཆུད་ནས་ལས་དོན་སྒྲུབ་སྐབས་མི་དམངས་དང་ཉེན་རྟོག་པའི་དབར་འབྲེལ་གཏུག་གི་འགོག་རྐྱེན་སེལ་བ་དང་། མཛའ་གྲོགས་ཟབ་ཏུ་ཕྱིན་པ། “ཕན་ཚུན་རོགས་རམ་དང་ཐུན་མོང་ཡར་རྒྱས”ཀྱི་དམིགས་ཚད་མངོན་འགྱུར་བྱུང་ནས་གོམ་སྟབས་རྗེས་མར་ཡན་ལག་ཅུས་ཀྱི་ལས་དོན་ཁག་སྔར་བས་ལེགས་པོ་སྒྲུབ་པར་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།