[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གཞིས་རྩེས་དྲིལ་བསྒྲགས་ལས་བྱེད་པ་མི་ཐེངས་300ལྷག་ཙམ་ལ་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-13

    ཚེས་11ཉིན། དུས་ཐེངས་ལྔ་པའི་གཞིས་རྩེ་གྲོང་ཁྱེར་དྲིལ་བསྒྲགས་ཁོངས་གཏོགས་ཀྱི་ལས་བྱེད་པའི་ལས་སྒོའི་འཇོན་ཐང་གསོ་སྦྱོང་འཛིན་གྲྭ་གྲོང་ཨུད་དྲིལ་བསྒྲགས་པུའུ་རུ་སློབ་འགོ་ཚུགས་པ་རེད། མིག་སྔའི་བར་གཞིས་རྩེ་གྲོང་ཁྱེར་གྱིས་དྲིལ་བསྒྲགས་ཁོངས་གཏོགས་ཀྱི་ལས་བྱེད་ལས་བཟོ་མི་ཐེངས་300ལྷག་ཙམ་ལ་གསོ་སྦྱོང་བྱས་པ་རེད།

    གསོ་སྦྱོང་འཛིན་གྲྭ་གཞིས་རྩེ་གྲོང་ཨུད་དྲིལ་བསྒྲགས་པུའུ་ཡིས་གཉེར་བ་དང་ཏང་གི་སློབ་གྲྭའི་དགེ་རྒན་དང་། འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ། རིགས་གཅིག་མཁས་ཅན་དང་མཁས་དབང་སོགས་སློབ་ཁྲིད་གནང་བར་གདན་དྲངས་ཡོད། གསོ་སྦྱོང་རིང་འཆད་ཁྲིད་དང་བགྲོ་གླེང་ཟུང་འབྲེལ་དང་། གཅིག་སྡུད་སློབ་སྦྱོང་དང་ཁག་བགོས་གྲོས་བསྡུར་ཟུང་འབྲེལ་བྱས་ཐོག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་། ལྷག་པར་དུ་དྲིལ་བསྒྲགས་བསམ་བློའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་གཙོ་གནད་གསོ་སྦྱོང་བྱེད་རྒྱུ་ཡིན་ཞིང་། གསོ་སྦྱོང་དུས་ཡུན་ཉིན་6ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།