[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་སྲིད་གྲོས་ཀྱིས་ཆ་སྒྲིག་རོཌ་སྐྱོར་དུད་ཚང་45ལ་འཚམས་འདྲིའི་དངོས་པོ་བསྐྱལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-13

    “ཏང་ཡོན་ལས་བྱེད་པ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་ཆ་སྒྲིག་གཉེན་འཚོལ་གྲོགས་སྒྲིག”གི་བྱེད་སྒོ་དང་ལས་བྱེད་པ་གྲོང་སྡོད་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་གཏོང་གི་ལས་དོན་གནད་སྨིན་འབྲེལ་མཐུད་བྱེད་པ། གནད་སྨིན་དབུལ་སྒྲོལ་ལ་རམ་འདེགས་བྱེད་རིང་། ཏང་ཡོན་ལས་བྱེད་པའི་སྟོབས་གསར་དམག་གི་ནུས་པ་གང་ལེགས་འདོན་པ་བཅས་བྱ་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་སྲིད་གྲོས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པས་སྟོད་ལུང་བདེ་ཆེན་ཆུས་སྤ་རྭ་གྲོང་ཚོར་བསྐྱོད་དེ་ཆ་སྒྲིག་རོགས་སྐྱོར་བྱེད་སྒོ་སྤེལ་བ་རེད།

    ལྷ་ས་གྲོང་ཁྱེར་སྲིད་གྲོས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པས་གྲོང་ཚོ་དེའི་ཆ་སྒྲིག་རོགས་སྐྱོར་དུད་ཚང་45ལ་སྒོར་ཁྲི་2.25རི་བའི་འཚམས་འདྲིའི་དངོས་པོ་བསྐྱལ་བ་རེད། ཏང་ཡོན་ལས་བྱེད་པས་ད་དུང་རང་ཉིད་ཀྱི་ཆ་སྒྲིག་རོགས་སྐྱོར་དུད་ཚང་དང་གླེང་མོལ་བྱས་ཏེ་ཆ་སྒྲིག་རོགས་སྐྱོར་དུད་ཚང་གི་འདི་ལོའི་ཡོང་འབབ་དང་། བུ་ཕྲུག་སློབ་ཞུགས། མིག་སྔའི་དཀའ་ངལ་སོགས་ཤེས་རྟོགས་བྱས་པ་དང་། ཆ་སྒྲིག་དུད་ཚང་ཚོར་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ“སྒུག་རྟེན་སློང”གསུམ་གྱི་བསམ་བློར་ཁྱད་བསད་བྱས་ནས་རང་ཉིད་ཀྱི་དཀའ་སྤྱད་ལག་ཟུང་ལ་བརྟེན་ནས་དབུལ་སྒྲོལ་ཕྱུག་འགྱུར་བྱས་ནས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།