[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་གྲོས་འདོན་ལས་དོན་གྱི་གསོ་སྦྱོང་འཛིན་གྲྭ་གཉེར་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-13

    ཚེས་10དང་11ཉིན་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་གྲོས་འདོན་ལས་དོན་གྱི་གསོ་སྦྱོང་འཛིན་གྲྭ་གཉེར་ཏེ། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་གྲོས་འདོན་ལས་དོན་ཐེངས་བདུན་པའི་བཞུགས་མོལ་ཚོགས་འདུའི་དགོངས་པ་ལག་བསྟར་དོན་འཁྱོལ་བྱས་ནས་གྲོས་འདོན་ལས་དོན་གྱི་སྡེ་ཚན་དང་། རྒྱ་ཆེའི་གྲོས་འདོན་པ། གྲོས་འདོན་ལས་སྒྲུབ་མི་སྣ། གྲོས་འདོན་ལ་ལྟ་སྐུལ་བྱེད་མཁན་བཅས་ཀྱིས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་གྲོས་འདོན་ལས་དོན་ཐད་གནང་བའི་བཀོད་སྒྲིག་དང་བླང་བྱ་གསར་པ་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་དང་ཁོང་དུ་ཆུད་ཆེད། སློབ་སྦྱོང་དང་སྤེལ་རེས་ཀྱི་ལས་སྟེགས་བཏོད་ནས“འདོན། འགོད། སྒྲུབ། སྐུལ”ཐད་ཀྱི་འཇོན་ཐང་དང་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་རྒྱུ་རེད།

    རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་ཞི་གཞོན་པ་ཀའོ་དབྱང་འགོ་ཚུགས་མཛད་སྒོར་ཞུགས་པ་དང་སྦྲགས་གསུང་བཤད་ཀྱང་གནང་བ་རེད།

    འགོ་ཚུགས་མཛད་སྒོར་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ། མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་གྲོས་འདོན་ལས་དོན་གྱི་གནས་བབ་གལ་ཆེན་དང་ནུས་པར་ངོས་འཛིན་གང་ལེགས་དང་། རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་སྲིད་གྲོས་ཀྱི་གྲོས་འདོན་ལས་དོན་ལ་གཅིག་འདོམས། ཁ་ཕྱོགས་སྟངས་འཛིན་ཡག་པོ་བཅས་བྱས་ནས་གྲོས་འདོན་ལས་དོན་བཀོད་སྒྲིག་གཏིང་ཟབ་སྦྱོང་བ་དང་གསལ་པོ་ཤེས་པར་བྱེད་དགོས་པ་དང་། རྨང་གཞི་བརྟན་དུ་བཏང་སྟེ་གྲོས་འདོན་གྱི་སྤུས་ཚད་མཐོ་རུ་ཇི་ལྟར་གཏོང་དགོས་པའི་འགག་གནད་གཏིང་ཟབ་སྦྱོང་བ་དང་གསལ་པོ་ཤེས་པར་བྱེད་དགོས་པ། འགག་རྩར་དམ་འཛིན་གྱིས་གྲོས་འདོན་གཉེར་སྒྲུབ་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་ཇི་ལྟར་གཏོང་དགོས་པའི་བླང་བྱར་གོ་བ་གཏིང་ཟབ་ལེན་པ་དང་གསལ་པོ་ཤེས་དགོས་པ། དོན་དངོས་དང་ཟུང་འབྲེལ་དང་། བསམ་གཞིག་ཧུར་ཐག མཉམ་སྒུལ་སྤེལ་རེས་ལ་ཤུགས་སྣོན། གྲོས་འདོན་གྱི་ལས་དོན་ཡག་པོ་སྒྲུབ་པའི་འཇོན་ཐང་དང་ཆུ་ཚད་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།