[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཀྲུང་དབྱང་ནག་སེལ་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཨང་13པ་དང་བཅས་པ་ཆབ་མདོར་ལྟ་སྐུལ་མཛུབ་ཁྲིད་གནང་བར་ཕེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-24

    ཟླ་6ཚེས་20ནས་ཚེས་22ཉིན་བར་ཀྲུང་དབྱང་ནག་སེལ་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཨང་13པའི་ཙུའུ་ཀྲང་གཞོན་པ་ཀྲང་ཀྲི་ཅེས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་དང་བཅས་པའི་སྣེ་ཁྲིད་དེ་ཆབ་མདོར་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལས་དོན་སྒྲུབ་ཚུལ་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བར་ཕེབས་པ་རེད། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཧྲུའུ་ཅི་ཅན་ཁྲ་ཀྲང་ཀྲུའུ་ཡ་ཕིང་ལྷན་དུ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བར་ཕེབས་པ་རེད།

    ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་དང་བཅས་པ་སྔ་རྗེས་སུ་ཆབ་མདོ་གྲོང་ཁྱེར་གྱི་མཛོ་སྒང་དང་། སྨར་ཁམས། བྲག་གཡབ། ཁ་རུབ་བཅས་རྫོང(ཆུས) 4རུ་ཕེབས་ཏེ་གྲོང་གསེབ་དང་། དགོན་སྡེ། སྡེ་ཁུལ། སྤྱི་བདེ་མངགས་གཏོང་ཁང་བཅས་སུ་ནག་སེལ་གཤེད་བཅོམ་གྱི་གཡུལ་ས་མདུན་མར་འབད་འཐབ་བྱེད་བཞིན་པའི་ལས་དོན་མི་སྣར་གཟིགས་པ་དང་། རྫོང་དང་ཆུས་ཁག་དང་། ཤང་གྲོང་། སྡེ་ཁུལ་སོགས་ཀྱིས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལས་དོན་སྒྲུབ་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་ནན་ཏན་ངང་གསན་པ་དང་འབྲེལ་བཞུགས་མོལ་ཚོགས་འདུའང་འཚོགས་ནས་ཆབ་མདོ་གྲོང་ཁྱེར་གྱིས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལས་དོན་སྒྲུབ་ཚུལ་གྱི་སྙན་སེང་གསན་པ་རེད།

    བཞུགས་མོལ་ཚོགས་འདུའི་ཐོག ཀྲང་ཀྲི་ཅེས་ཆབ་མདོ་གྲོང་ཁྱེར་གྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་ཁས་ལེན་གནང་བ་རེད།

    ཀྲང་ཀྲི་ཅེས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་དང་ཆབ་མདོ་གྲོང་ཁྱེར་གྱི་དངོས་ཡོད་གནས་ཚུལ་ཟུང་འབྲེལ་བྱས་ཏེ་མཐའ་གསལ་མཐིལ་རྟོགས་དང་གཅིག་གྱུར་དམ་ཟབ་བྱེད་དགོས། འགན་ནུས་སྡེ་ཚན་ཁག་གིས་འགན་འཁྲི་ནན་ཏན་འཁུར་ནས“ཟུང་འབྲེལ་བཞི”ཡག་པོ་བསྒྲུབས་ཏེ་སླད་ཕྱིན་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་རིག་གནས་འཕེལ་རྒྱས་ཆེན་པོ་ཡོང་བར་རྨང་གཞི་བཟང་པོ་འདིང་བ་དང་། གྱོད་གཞི་རྩད་སྒྲུབ་འགོ་འཛུགས་ས་དང་ཚད་བརྒལ་བྱེད་སར་བརྩིས་ཏེ་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་སྤེལ་བར་སྐུལ་འདེད་གཏོང་བ། ཆབ་སྲིད་ཀྱི་ལེགས་ཆ་དང་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་སྤྱི་འདོམས་མཐུན་སྦྱོར་དང་ཕྱོགས་ཡོངས་འཐབ་འཛིང་བྱས་ནས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུར་བརྩོན་ལེན་བཅས་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།