[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱལ་ཡོངས་ནག་སེལ་གཤེད་བཅོམ་གཞུང་ལས་ཁང་གི་རིག་ནུས་ཅན་གྱི་ཐེར་འདོན་ལས་སྟེགས་དང་ཐད་སྦྲེལ་ཁ་པར།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-24

    632588_yis_1560499871258_s.jpg

    རྒྱལ་ཡོངས་ནག་སེལ་གཤེད་བཅོམ་གཞུང་ལས་ཁང་གི་རིག་ནུས་ཅན་གྱི་ཐེར་འདོན་ལས་སྟེགས་དངོས་སུ་སྤྱོད་འགོ་ཚུགས་ཡོད། ཐེར་འདོན་བྱེད་མཁན་གྱིས་ཆེད་སྤྱོད་རྩ་གཉིས་ཨང་རྟགས་བཤེར་བ་དང་། དྲ་ཐོག་ནས“12337”འཚོལ་བའམ་ཡང་ན་ཀྲུང་གོ་ཁྲང་ཨན་དྲ་བ་དང་། ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་ཁྲང་ཨན་རལ་གྲི་ཞེས་པའི་སྐད་འཕྲིན་སྤྱི་རྟགས་དང་དཔོད་ཆུང་སོགས་ཀྱི་ཐེར་འདོན་སྦྲེལ་མཐུད་བསྣན་ཚེ་དུས་དང་རྣམ་པ་ཀུན་ཏུ་སྟབས་བདེ་དང་མགྱོགས་མྱུར་ངང་ཐེར་འདོན་ལས་སྟེགས་སུ་ཞུགས་ཐུབ།

    བཀོད་སྒྲིག་གཞིར་བཟུང་། ཀྲུང་དབྱང་ནག་སེལ་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཨང་13པ་བོད་དུ་བཅའ་སྡོད་བྱེད་ཡུན་ཉིན་23ཡིན་པ་དང་། ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཅའ་སྡོད་བྱེད་རིང(2019ལོའི་ཟླ་6ཚེས་10ཉིན་ནས་ཟླ་7ཚེས་2ཉིན་བར)སྡོད་བྱའི་ཁ་པར་ཨང་གྲངས་0891——6860579(ཐད་སྦྲེལ་ཁ་པར་བཞི་ཡོད)དང་ཆེད་དོན་སྦྲག་སྒམ་ལྷ་ས་གྲོང་ཁྱེར་སྦྲག་སྒམ་ཨང་རྟགས་A002དང་སྦྲག་ཨང་850000བཙུཌ་ཡོད། ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་ཐེར་འདོན་གོང་ཞུའི་ཁ་པར་ལེན་པའི་དུས་ཚོད་ནི་ཉིན་ལྟར་གྱི་ཆུ་ཚོད་8∶00ནས་20∶00བར་རེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བླང་བྱ་དང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་འགན་འཁྲི་གཞིར་བཟུང་། ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་གཙོ་བོ་བོད་རང་སྐྱོང་ལྗོངས་ཀྱི་ནག་གཤེད་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཀྱི་ཡིག་བསྐུར་དང་ཁ་པར་ཐེར་འདོན་བདག་སྤྲོད་བྱ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།