[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་རྩལ་ནུས་འགྲན་བསྡུར་བྱས་ཏེ་ལས་བཟོའི་ངར་ཤུགས་འཕེལ་བར་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-20

    ཉིན་ཤས་གོང་། རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་དང་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་བོད་ལྗོངས་འགྲིམ་འགྲུལ་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིས་གཉེར་འགན་འཁུར་བའི“དཔེ་དམག་ལ་སློབ་སྦྱོང་དང་འཇོན་ཐང་ཅན་བྱེད་པའི”2019ལོའི་ལས་གནས་རྩལ་ནུས་འགྲན་བསྡུར་དེ་ས་བབ་མཐོ་ཚད་སྨི་4500ཡོད་པའི་རྒྱལ་ལམ་109ལམ་རྒྱུད་ནག་ཆུ་ནས་ཡངས་པ་ཅན་བར་གྱི་ཡན་ལག་ཁང་ཞིག་ཏུ་གཉེར་བ་རེད།

    འདི་ལོ་ཚུན་དུ་རང་ལྗོངས་ཀྱི་རིམ་ཁག་བཟོ་ཚོགས་ཀྱིས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཀྱིས་འགྲན་བསྡུར་བྱེད་སྒོའི་འགོ་ཁྲིད་སྒྲིག་གཞི་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་སྟེ་འགྲན་བསྡུར་གྱི་ཇུས་གཞི་བཟོ་བ་དང་། འགྲན་བསྡུར་བྱེད་སྒོའི་ལྕག་སྐུལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། འགྲན་བསྡུར་བྱེད་སྒོའི་གོ་རིམ་ཚད་ལྡན་དུ་གཏོང་བ། གཙོ་གནད་རྣམ་གྲངས་དང་། གཙོ་གནད་ལས་རིགས། གཙོ་གནད་ཁེ་ལས། གཙོ་གནད་ཁྱབ་ཁོངས་བཅས་ཀྱི་དཔེ་སྟོན་རང་བཞིན་གྱི་ངལ་ནུས་འགྲན་བསྡུར་ལ་དམ་འཛིན་བྱས་ནས་ལས་བཟོའི་འགྲན་པ་སློབ་པ་སྙེགས་པ་རོགས་པ་བརྒལ་བཅས་ཀྱི་སྤྲོ་སེམས་འཕེལ་བར་བྱས་ནས་འགྲན་བསྡུར་ཁྲོད་སྤྲོ་སེམས་དང་། ངར་ཤུགས། ཕན་འབྲས་བཅས་ཐོན་པར་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།