[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་རི་རྫོང་གི“གྲོང་ཚོའི་ལས་རོགས་ཀྱི་འཆར་གཞིས”ལས་ཞུགས་དང་དབུལ་སྒྲོལ་མཉམ་སྤེལ་གཉིས་ཕན་བྱུང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-21

    2016ལོར་སི་ཁྲོན་ཚན་རྩལ་སློབ་ཆེན་ནས་ཐོན་པའི་ལྷ་རི་རྫོང་གི་སློབ་གྲྭ་ཆེ་མོ་བ་གནམ་གང་ཚེ་བརྟན་2018ལོའི་ཟླ་8པར་དངོས་སུ་ལྷ་རི་རྫོང་གླིང་མཐིལ་ཤང་གླིང་མཐིལ་གྲོང་ཚོའི“གྲོང་ཚོའི་ལས་རོགས”སུ་བསྡུས་པ་དང་། གྲོང་ཚོའི“ཨུ་ལྷན་གསུམ”གྱི་ཚན་ཁག་ལ་གཞོགས་འདེགས་ཀྱིས་ཕྱོགས་ཡོངས་ནས་ལས་དོན་ཁག་ཡག་པོ་སྤེལ་བ་རེད། ལྷ་རི་རྫོང་གིས་ལག་བསྟར་བྱས་པའི“གྲོང་ཚོའི་ལས་རོགས་འཆར་གཞི”ལས་གནམ་གང་ཚེ་བརྟན་བདེ་བླག་ངང་ལས་ཞུགས་ཐུབ་ཡོད།

    གྲོང་ཚོའི་ལས་རོགས་འཆར་གཞི་ནི་ལྷ་རི་རྫོང་གིས་སློབ་གྲྭ་ཆེ་མོ་བ་ལས་ཞུགས་དང་དབུལ་སྒྲོལ་འགག་སྒྲོལ་གཉིས་ཟུང་འབྲེལ་དམ་ཟབ་བྱེད་པར་སྐུལ་འདེད་གཏོང་བའི་བྱ་ཐབས་གསར་པ་ཞིག་དང་། མཐོ་སློབ་སློབ་ཐོན་སློབ་མའི་ཁྲོད་ནས་ཡོངས་བསྒྲགས་སུ་གྲོང་ཚོའི(གྲོང་ལྷན)ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ལས་རོགས་བསྡུས་ཏེ།  ལས་ཞུགས་ཀྱི་གནོན་ཤུགས་ཞི་ལྷོད་དུ་གཏོང་བ་དང་མཐོ་སློབ་སློབ་ཐོན་སློབ་མ་ཐག་ཉེ་ས་དང་རང་ས་རང་ཡུལ་དུ་ལས་ཞུགས་ཐུབ་པར་སྐུལ་འདེད་གཏོང་བ་དང་ཆབས་ཅིག གྲོང་ཚོ(གྲོང་ལྷན)ཁག་ལ་རྗེས་གྲབས་ལས་བྱེད་པ་ཕུལ་བྱུང་གསོ་སྐྱོང་དང་གཞི་རིམ་རྩ་འཛུགས་ལ་རིགས་ཁག་གི་ཤེས་ལྡན་པ་ཕུལ་བྱུང་གཏོང་བ་ཞིག་རེད། ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོ་ནས་བཟུང་། ལྷ་རི་རྫོང་གིས“གྲོང་ཚོའི་ལས་རོགས”122བསྡུ་རྒྱུའི་འཆར་གཞི་ཡོད་པ་དང་། དངོས་སུ་ལས་གནས་ལ་ཞུགས་པ་53ཡོད་པ་རེད།

    སློབ་ཆེན་སློབ་མའི“གྲོང་ཚོའི་ལས་རོགས”ལས་གནས་སུ་འབྱོར་རྗེས་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་འོག གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ལ་ལས་དོན་སྤེལ་བར་གཞོགས་འདེགས་ཧུར་ཐག་བྱས་ཏེ་གཞི་རིམ་བཅོས་སྐྱོང་དང་དབུལ་སྒྲོལ་འགག་སྒྲོལ་ཐད་མགྱོགས་མྱུར་རྣམ་པ་གསར་པ་བཏོད་པ་དང་། སློབ་ཆེན་སློབ་མར་འཇོན་ཐང་ངོམ་སའི་གར་སྟེགས་དང་རང་ཉིད་ཀྱི་རིན་ཐང་མངོན་པའི་གོ་སྐབས་རག་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། ལྷ་རི་རྫོང་གིས“གྲོང་ཚོའི་ལས་རོགས་ཀྱི་འཆར་གཞི”སྤེལ་དོན་ནི་གཅིག་ནས་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་བར་ཕན་ཐོགས་ཡོད་ཅིང་། གྲོང་ཚོའི་ལས་རོགས་གཞི་རིམ་དུ་བསྐྱོད་པ་དེས་གྲོང་ཚོ་རིམ་པའི་ཚན་ཁག་གི་སྤྱི་ཡོངས་ཀྱི་བྱང་ཚད་མཐོ་རུ་དང་གཞི་རིམ་རྩ་འཛུགས་ཀྱི་བཅོས་སྐྱོང་ནུས་པ་ཆེ་རུ་ཕྱིན་པ་མ་ཟད་སླད་ཕྱིན་དེ་དག་ཁྲོད་ནས་ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། འཇོན་ཐང་ཆེ་བ། སྤྱོད་ཚུལ་བཟང་བ་བཅས་གྲོང་ཚོ(གྲོང་ལྷན)ཡི་ལས་བྱེད་པར་འདེམས་པར་རྨང་གཞི་བརྟན་པོ་ཞིག་བཏིངས་བ་མ་ཟད། ཏང་གི་སྲིད་སྐྱོང་ཐོན་ཁུངས་ཕུན་སུམ་ཚོགས་སུ་དང་རྒྱ་སྐྱེད་གཏོང་བ་དང་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་བར་ཕན་ཐོགས་ཡོད་པ་དང་། གཉིས་ནས་ཞིང་འབྲོག་པའི་ཕྱུག་འགྱུར་ཐབས་ལམ་ཡངས་སུ་གཏོང་བར་ཕན་ཐོགས་ཡོད་ཅིང་། གྲོང་ཚོའི་ལས་རོགས་འཆར་གཞིས་དཀའ་གནད་འདི་དག་སེལ་བར་གོ་ཆོད་ཀྱི་བསམ་གཞི་མཁོ་འདོན་ཐུབ་ཡོད་པ་སྟེ། གྲོང་ཚོའི་ལས་རོགས་མང་པོ་ཞིག་གིས་ཡུལ་དེ་གའི་ཡུལ་བབ་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་ལེགས་ཆ་སྤྱད་དེ་གྲོང་ཚོར(གྲོང་ལྷན)དུས་ཡུན་རིང་འབྲིང་གི་འཕེལ་རྒྱས་འཆར་གཞི་བཟོ་རོགས་བྱས་པས་ཞིང་འབྲོག་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་བཟང་པོ་ཐོན་པ་དང་། ཁག་གཅིག་གིས་ད་དུང་ཕུན་སུམ་ཚོགས་པའི་རིག་གནས་ལུས་རྩལ་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ་ཞིང་འབྲོག་པ་བསམ་བློའི་འཆིང་རྒྱ་ལས་སྒྲོལ་རོགས་བྱས་པ་དང་སྲོལ་རྒྱུན་ཞིང་འབྲོག་པ་རྣམས་དེང་རབས་ཀྱི་ཞིང་འབྲོག་པ་གསར་པར་འགྱུར་བར་སྐུལ་འདེད་བཏང་ནས་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་རྨང་གཞི་བརྟན་པོ་ཞིག་བཏིང་བ་རེད། གསུམ་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལག་ལེན་གྱི་ནུས་པ་ཆེ་རུ་གཏོང་བར་ཕན་ཐོགས་ཡོད་ཅིང་། ཞིང་འབྲོག་ཁུལ་དུ་བལྟོས་བཅས་ཀྱིས་དཀའ་སྡུག་གི་སྦྱོང་བརྡར་ཐེབས་ནས་ཁོང་ཚོས་ཞིང་འབྲོག་ཁུལ་གྱི་རྙོག་དྲ་ཆེ་བའི་ལས་དོན་ཐག་གཅོད་བྱེད་ནུས་དང་འཇོན་ཐང་ཆེ་རུ་འགྲོ་གི་ཡོད། ལས་དོན་སྒྲུབ་སྐབས་ཁོང་ཚོས་ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་བརྒྱུད་བསྒྲགས་བྱས་ནས་རང་ངོས་ཀྱི་སྲིད་ཇུས་ཀྱི་རིགས་པའི་གཞུང་ལུགས་ཆུ་ཚད་མཐོ་རུ་ཕྱིན་པ་མ་ཟད་ཞིང་འབྲོག་ཁུལ་གྱི་མི་དམངས་མང་ཚོགས་དང་བར་ཐག་ཀྱང་ཉེ་རུ་ཕྱིན་ཡོད། བཞི་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཐབས་ལམ་ཡངས་སུ་འགྲོ་བར་ཕན་ཐོགས་ཡོད་ཅིང་། སྲོལ་རྒྱུན་གྱི་ལས་ཀ་འཚོལ་བའི་ལྟ་བའི་རྐྱེན་པས་ཕྱོགས་གཅིག་ནས་སློབ་ཐོན་སློབ་མ་ཁག་གཅིག་ལས་ཞུགས་ཐུབ་དཀའ་བ་དང་། ཕྱོགས་གཞན་ཞིག་ནས་ཞིང་འབྲོག་ཁུལ་དུ་བྱང་ཚད་མཐོ་བའི་ཤེས་ལྡན་པ་དཀོན་པོ་ཡོད། གྲོང་ཚོའི་ལས་རོགས་ཀྱི་འཆར་གཞི་ལག་ལེན་བསྟར་བ་དེས་མཐོ་སློབ་སློབ་ཐོན་སློབ་མའི་ལས་གནས་མང་དུ་བཏང་བ་མ་ཟད། ད་དུང་སློབ་ཐོན་སློབ་མ་དེ་བས་མང་བས་རྒྱ་ཆེ་བའི་ཞིང་འབྲོག་ཁུལ་དང་གཞི་རིམ་ལ་ཁ་ཕྱོགས་རྒྱུར་ཁྲིད་སྟོན་དང་སྐུལ་འདེད་ཀྱང་གཏོང་ཐུབ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།