[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལོ་སྟོད་དུ་ཉིང་ཁྲི་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་56.01ཟིན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-11

    ཉེ་ཆར། གསར་འགོད་པར་ཉིང་ཁྲི་གྲོང་ཁྱེར་དུ་འཚོགས་པའི་ལོ་སྟོད་ཀྱི་དཔལ་འབྱོར་འཁོར་རྒྱུག་དབྱེ་ཞིབ་དང་གཙོ་གནད་རྣམ་གྲངས་སྐུལ་སྤེལ་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ལོ་སྟོད་དུ་ཉིང་ཁྲི་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་56.01ཟིན་ནས་བསྡུར་གཞི་ལས་9.1%འཕར་ཡོད་པ་རེད།

    ཤེས་རྟོགས་བྱུང་གསལ། ལོ་སྟོད་དུ། ཉིང་ཁྲི་གྲོང་ཁྱེར་གྱི་གཙོ་ཁྲིད་ཐོན་ལས་ཀྱི་འདེགས་སྐྱོར་དེ་བས་བརྟན་ཞིང་། ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་དང་ཡུལ་སྐོར་ཡོང་འབབ་གཉིས་ཀ་ཆེས་ཆེར་འཕར་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་དེ་བས་བརྟན་ཞིང་། “སྲ་བརྟན་དང་། ཤུགས་སྣོན། རིམ་སྤོར”བཅས་ཀྱི་ལས་ཀའི་བསམ་ཕྱོགས་ལག་བསྟར་གཏིང་ཟབ་བྱས་པ་དང་། ལས་ཞུགས་ལས་གཏོད་འཕར་ཚད་དེ་བས་བརྟན་ཞིང་། ད་ལོའི་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་201ལས་ཞུགས་ཐུབ་པ་དང་ཞིང་འབྲོག་མང་ཚོགས་མི་ཐེངས་16800གཞན་སྒྱུར་ལས་ཞུགས་ཐུབ་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།