[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁ་གྲོང་ཁྱེར་གྱིས“དྲ་སྦྲེལ+མི་སྤྱིའི”དམངས་ཕན་བྱེད་ཐབས་གསར་པ་བཏོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-11

    སྤྱི་ཚོགས་འགན་སྲུང་གཱ་ཡི་ཆ་འཕྲིན་ཅན་གྱི་བརྒྱུད་རིམ་མགྱོགས་སུ་གཏོང་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས་ཁྱོན་དངུལ་སྒོར་ཁྲི་400ལྷག་ཙམ་བཏང་ནས་སྤྱི་ཚོགས་འགན་སྲུང་གཱ་ཡི་ཕྱོགས་བསྡུས་བཀོལ་སྤྱོད་ཞབས་ཞུའི་ལས་སྟེགས་བསྐྲུན་པ་རེད། མིག་སྔར། རྫོང་དང་ཆུས་12ལ་ཁྱབ་པ་དང་ལག་ཐོགས་ཁ་པར་གྱི་APPཕྱག་ནང་ཞབས་ཞུའི་མ་ལག་དང་། རང་བརྟེན་མཐའ་སྣེའི་ཞབས་ཞུའི་མ་ལག སྤྱི་ཚོགས་འགན་སྲུང་གཱ་ཡི་ཕྱོགས་བསྡུས་བཀོལ་སྤྱོད་ལས་སྟེགས། སྤྲིན་ཚོགས་ལྟ་སྐུལ་ཚོད་འཛིན་ལས་སྟེགས་བཅས་ཕྱོགས་བཞི་གཞི་གཅིག་གི“རིག་ལྡན་ཞབས་ཞུའི་མ་ལག”རགས་ཙམ་གྲུབ་ཡོད།

    དེ་དང་ཆབས་ཅིག་རྒྱ་ཆེའི་མང་ཚོགས་དང་ལས་བྱེད་པ་དང་ལས་བཟོའི་སྤྱི་ཚོགས་འགན་སྲུང་གཱ་གཉེར་བའི་ཞིབ་ཕྲའི་ལས་སྒོའི་དགོས་མཁོ་སྐོང་ཆེད། སྤྱི་ཚོགས་འགན་སྲུང་མ་ལག་རྒྱུན་ཆད་མེད་པར་རིམ་སྤོར་དང་ལེགས་སུ་གཏོང་བ་དང་གཙོ་ཆེའི་དྲ་ཚུགས་སོགས་ཆ་འཕྲིན་མ་ལག་ཁག་རྒྱུན་གཏན་ལྟར་འཁོར་སྐྱོད་ཐུབ་རྒྱུ་འགན་ལེན་བྱས་པ་དང་འབྲེལ། ལྷོ་ཁ་གྲོང་ཁྱེར་གྱིས་སྲིད་དོན་ཞབས་ཞུའི་བྱ་གཞག་ཁག་གསེད་བཀྲོལ་བྱ་རྒྱུ་དེ“དྲ་སྦྲེལ+མི་སྤྱི”ལ་སྐུལ་འདེད་གཏོང་བའི་རྨང་གཞི་གལ་ཆེན་ཞིག་ལ་བརྩིས་ནས་མི་སྤྱི་སྡེ་ཚན་གྱི་སྲིད་དོན་ཞབས་ཞུའི་བྱ་གཞག་ཁག་གི་གསལ་ཐོ་བཟོ་བ་དང་འགན་དབང་གསལ་ཐོའི་དོན་ཚན་82དང་སྤྱི་པའི་ཞབས་ཞུའི་དོན་ཚན་ཁག་43གསེད་བཀྲོལ་དང་འཐུས་སྒོ་ཚང་དུ་བཏང་སྟེ། འགན་དབང་དོན་ཚན་ཞབས་ཞུའི་ཕྱོགས་སྟོན་དང་བརྒྱུད་རིམ་ལས་དོན་གྱི་རྣམ་གྲངས་82རྩོམ་འབྲི་ཡོངས་བསྒྲགས་ལས་དོན་ལེགས་གྲུབ་བྱས་པས། ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།