[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྟོད་ལུང་བདེ་ཆེན་ཆུས་ཡབ་མདའ་ཤང་གིས་དཔེ་དེབ་རྩེ་གྲ་བརྗེ་རེས་ཀྱི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-11

    རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོར་དམ་པོར་དམིགས་ཏེ། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། མང་ཚོགས་ཀྱི་ལྟ་ཚུལ་འཛུགས་སྐྱོང་། ཞབས་ཞུའི་འདུ་ཤེས་ཟབ་ཏུ་གཏོང་བ། སྤྱོད་ཚུལ་འཛུགས་སྐྱོང་ལེགས་སུ་གཏོང་བ། ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་བ་བཅས་ལ་ལྕག་སྐུལ་བྱ་ཆེད། ཉིན་ཤས་གོང་། སྟོད་ལུང་བདེ་ཆེན་ཆུས་ཡབ་མདའ་ཤང་གིས“ཤེས་བྱ་བརྗེ་རེས་དང་། གཅེས་སེམས་བརྒྱུད་སྤྲོད”ཅེས་པའི་དཔེ་དེབ་རྩེ་གྲ་བརྗེ་རེས་ཀྱི་བྱེད་སྒོ་དང་ཟླ་བརྒྱད་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། ཤང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མིས་རང་ཉིད་ཀྱིས་འཁྱེར་ཡོང་བའི་དཔེ་དེབ་འོས་སྦྱོར་བྱས་པ་དང་། དེ་འབྲེལ་གྱི་དཔེ་ཀློག་གཏམ་རྒྱུད་དང་མྱོང་ཚོར་ལྷུག་གླེང་བྱས་ཤིང་། མི་རྣམས་ལ་ཡར་སྐུལ་ཐེབས་འོས་པའི《ཞི་ཅིན་ཕིང་གཞོན་ནུ་ཤེས་ཡོན་ཅན་གནང་རིང་གི་ལོ་བདུན》ནས་དོན་ཆུང་ལས་གར་སྟེགས་ཆེན་པོ་མངོན་ཐུབ་པའི《ཕལ་པའི་འཇིག་རྟེན》བར་དང་། ལང་ཚོའི་རབ་རིབ་དུས་ཀྱི《མ་འོངས་པའི་རང་ཉིད་དང་འཕྲད》ནས་མིའི་རིགས་ཀྱི་འབྱུང་འགྱུར་དང་མི་ཐབས་རིག་ནུས་སྐོར་གླེང་བའི《འབྱུང་འགྱུར་གྱི་ལོ་རྒྱུས་མདོར་བསྡུས》བར་ཚང་མས་རང་ཉིད་ཀྱི་མྱོང་ཚོར་ལྷུག་པོར་གླེང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།