[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་གིས་ཤང་དང་གྲོང་རྡལ་ཁག་གི་གཙང་སྦྲར་སྐུལ་འདེད་གཏིང་ཟབ་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-11

    གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན། ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་གི་ཤང་དང་གྲོང་རྡལ་ཁག་གིས། “ཁང་དམར་གྱི་སྙིང་སྟོབས་དང་། གསར་བརྗེའི་ས་བོན། སེམས་དམར་གྱི་ཏང་འཛུགས་སྐྱོང”ཁྲིད་སྟོན་དུ་བྱས་པ་དང་། “རྩ་འཛུགས་ཀྱིས་ཁྲིད་སྟོན་དང་། ཏང་ཡོན་གྱིས་སྣེ་ཁྲིད། མང་ཚོགས་ཞུགས་པ”བཅས་ཀྱི་ལས་དོན་བསམ་ཕྱོགས་མཐའ་འཁྱོངས་བྱས་ནས། ཤང་དང་གྲོང་རྡལ་ཁག་གི་གཙང་སྦྲའི་བྱེད་སྒོར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་རེད།

    སྤོ་བོ་རྫོང་གི་ཤང་དང་གྲོང་རྡལ་ཁག་གི་ཏང་ཨུད་ཀྱིས། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་དྲིལ་བསྒྲགས་དང་ཟུང་འབྲེལ་གྱིས་གྲོང་ཚོར་གཙང་སྦྲའི་བྱེད་སྒོ་སྤེལ་རྒྱུའི་དྲིལ་བསྒྲགས་བྱས་པ་རེད།

    ཤང་དང་གྲོང་རྡལ་ཁག་གིས་གཞི་རིམ་གྱི་ཏང་འཛུགས་སྐྱོང་གི་ལས་དོན་དེ་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་ཞིབ་ཕྲའི་ལས་དོན་དང་ཟུང་འབྲེལ་བྱས་ཤིང་། ཁྲབ་རྨོག་སྡེ་ཁུལ་གྲོང་ལྷན་གྱི་ཏང་ཀྲི་པུའུ་ཡིས་ཏང་ཡོན་གྱི་གཏན་འཇགས་བྱེད་སྒོའི་ཉིན་མོ་གོ་སྐབས་སུ་བྱས་ནས། སྡེ་ཚོགས་རྫོང་ཨུ་ལྷན་ཏང་ཀྲི་པུའུ་དང་མཉམ་དུ་སྡེ་ཁུལ་དུ་གཙང་སྦྲ་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད། ཆུ་མདོ་གྲོང་རྡལ་མདོང་ཆུ་གྲོང་ཚོ་ཨུ་ལྷན་དང་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི་ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་དེ་གྲོང་ཚོར་གཙང་སྦྲའི་བྱེད་སྒོ་སྤེལ་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།