[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱིས་སྲིད་གཙང་རིག་གནས་གྲོང་གསེབ་ཏུ་དྲིལ་བསྒྲགས་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-11

    ཉེ་ཆར་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་རྨང་བརྟན་དམངས་ཕན་གཞུང་ལས་ཁང་གིས་བྲག་ཡིབ་ཆུས་སྒྲིག་ཨུད་དང་མཉམ་དུ་ཤང་དང་གྲོང་རྡལ་6ཏུ“སྲིད་གཙང་རིག་གནས་གྲོང་གསེབ་ཏུ་དྲིལ་བསྒྲགས་བྱེད་པའི”སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་ནས། དྲིལ་བསྒྲགས་ཡིག་ཆ་ཤོག་ལྷེ་500ལྷག་ཙམ་སྤྲད་པ་རེད།

    བྱེད་སྒོའི་ཐོག་གྲོང་ཚོ་ཁག་གི་ཏང་ཡོན་མང་ཚོགས་ཚོས《ཏང་གི་སྒྲིག་ཡིག》དང《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་སྐོར་གྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འབྲེལ་ཡོད་དགོངས་དོན་སློབ་སྦྱོང་བྱས་པ་དང་། རྒྱ་ཆེའི་ཞིང་འབྲོག་པ་ཏང་ཡོན་དང་གཞི་རིམ་ཏང་ཡོན་ལས་བྱེད་པ་ཚོས་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་རང་རྟོགས་ངང་ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་དང་བཅའ་ཁྲིམས་ཁྲིམས་སྲོལ་ལ་བརྩི་སྲུང་ཞུས་ནས། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་དང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    དེ་དང་དུས་མཚུངས་བྲག་ཡིབ་ཆུས་ཀྱི་སྒྲོག་འགྲེལ་པས་དོན་དངོས་གཞིར་བཟུང་། མནའ་མ་བསུ་ལེན་དང་གཤིན་པོ་དུར་སྐྱེལ་སོགས་བྱེད་སྐབས་རྒྱས་སྤྲོས་རྒྱས་གཤོམ་གྱི་གནས་ཚུལ་དང་། ཏང་ཡོན་ལས་བྱེད་པའི“སྒྲིག་ཁྲིམས་ཆེན་པོ་དྲུག”དང“ནག་གཤེད་ཕྱོགས་གཏོགས་ཀྱི་མཚོན་ཚུལ་རིགས་25”སོགས་ཀྱི་ནང་དོན་སྒྲོག་འགྲེལ་བྱས་ཏེ། གྲོང་སྡོད(གྲོང་ལྷན)ལས་དོན་རུ་ཁག་ཁག་དང་གྲོང་ཚོ“ཨུ་ལྷན་གཉིས”ཀྱིས་ཏང་གཤིས་ལེགས་སུ་བཏང་ནས། ཏང་སྲོལ་སྲིད་གཙང་ལས་དོན་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ། “ཞི་མཐུན་ཡར་བརྩོན་དང་ཚང་མས་སྤྱོད་གཙང་དར་སྤེལ་གཏོང་བའི”སྤྱི་ཚོགས་ཀྱི་སྣང་ཚུལ་བཟང་པོ་ཞིག་གཏོད་དགོས་པའི་བླང་བྱ་བཏོན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།