[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རི་བོ་ཆེ་རྫོང་གིས་གཞི་རིམ་ཏང་རྩ་འཛུགས་ཀྱི་རྨང་གཞི་བརྟན་དུ་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-11

    ཉེ་བའི་ལོ་ཤས་རིང་། རི་བོ་ཆེ་རྫོང་གིས་ཆབ་སྲིད་ཀྱི་ནུས་པ་དང་། ཕྱུག་འགྱུར་གྱི་ནུས་པ། ཞབས་ཞུའི་ནུས་པ་སོགས་ཆེ་རུ་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཏང་འཛུགས་སྐྱོང་ལས་དོན་གྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་བ་རེད།

    ཆབ་སྲིད་འཛུགས་སྐྱོང་ལ་དམ་འཛིན་བྱས་ཏེ་ཆབ་སྲིད་ཀྱི་ཁྲིད་སྟོན་ནུས་པ་ཆེ་རུ་བཏང་བ། རི་བོ་ཆེ་རྫོང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་མཐའ་འཁྱོངས་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས། “མང་ཚོགས་ཀྱིས་གནད་དོན་ཤོད་པ་དང་། ཏང་ཡོན་གྱིས་ཏང་དོན་གླེང་བའི”སྒྲོག་འགྲེལ་ཆེ་མོའི་བྱེད་སྒོ་ཧུར་ཐག་སྤེལ་བ་དང་། ཏང་ཡོན་དང་རྒྱ་ཆེའི་མང་ཚོགས་4150གྱི་སྣེ་འཁྲིད་དེ་སློབ་སྦྱོང་ཐེངས་300བྱས་པ་དང་། “ཡུག་ཁུལ”དོ་དམ་གྱི་བྱ་ཐབས་ཁྱབ་གདལ་ཧུར་ཐག་བཏང་སྟེ“ཡུག་ཁུལ”35བཙུགས་པ་དང་། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དང་ཟུང་འབྲེལ་བྱས་ནས་གཞི་རིམ་ཏང་རྩ་འཛུགས་197ལ་ཏང་གཤིས་སློབ་གསོ་ཐེངས་800ལྷག་ཙམ་སྤེལ་བ། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང“བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི”རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་སོགས་གཞི་རྩའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ནས་ཁྱོན་བསྡོམས་རིགས་ཁག་གི་ཏང་ནང་ཁུལ་གྱི་བྱེད་སྒོ་2000ལྷག་ཙམ་སྤེལ་བ་བཅས་བྱས་པས་རྒྱ་ཆེའི་ཏང་ཡོན་རྣམས་རྩ་འཛུགས་ཀྱི་འཚོ་བའི་ཁྲོད་ཞུགས་རིང་སློབ་གསོ་ཐེབས་པ་མ་ཟད་གྲུབ་འབྲས་ཀྱང་ཐོབ་པ་རེད།

    སྒྱུར་བཅོས་འཕེལ་རྒྱས་ལ་དམ་འཛིན་གྱིས་ཕྱུག་འགྱུར་སྣེ་ཁྲིད་ཀྱི་འཇོན་ཐང་ཆེ་རུ་བཏང་བ། རྫོང་དེས་གྲོང་ཚོའི(གྲོང་ལྷན)སྐབས་བརྗེ་ཚད་བརྒལ་བྱ་གཞིར་བརྩིས་ནས། གཞི་རིམ་ཏང་རྩ་འཛུགས་ཀྱིས་སྣེ་ཁྲིད་པའི་དཔུང་ཁག་སྟོབས་ཆེན་འཛུགས་སྐྱོང་བྱས་ཏེ། ཕྱུག་འགྱུར་འཇོན་ཐང་ཅན་དང་ཐོན་ལས་སྣེ་ཁྲིད་མཁན་53སོགས་གྲོང་ཚོ(གྲོང་ལྷན)དང“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་རྐང་འཛིན་པར་བདམས་པ་དང་། ཕུལ་བྱུང་གི་ལས་གཏོད་ཤེས་ལྡན་མི་སྣ་8གྲོང་ཚོ(གྲོང་ལྷན)དང“ཨུ་ལྷན་གཉིས”ཀྱི་ཚན་ཁག་ནང་བཅུག་པ། “ཏང་ཡོན་དང་དུད་ཚང་དབུལ་པོ་ཟུང་འབྲེལ་གྱི”བྱ་ཐབས་སྐུལ་སྤེལ་བཏང་སྟེ་ཕུལ་བྱུང་ཏང་ཡོན་གཙོ་བོར་བྱས་ནས་ཉེ་འཁོར་གྱི་དུད་ཚང་དབུལ་པོ་10ཙམ་དབུལ་སྒྲོལ་ཐུབ་རྒྱུའི་སྣེ་ཁྲིད་བྱས་པ་དང་། ལས་གཏོད་རོགས་ཁྲིད་ལམ་སྲོལ་བཙུགས་ནས་ཤང་རིམ་པའི་འགོ་ཁྲིད་དང་ལས་ཁུངས་ཀྱི་ལས་བྱེད་པ་མི་རེས་ཉུང་མཐར་ཡང་ཕྱུག་འགྱུར་འཇོན་ཐང་ཅན་ནམ་ཡང་ན་འདེབས་གསོའི་དུད་ཆེན་གཅིག་དང་འབྲེལ་གཏུག་བྱས་ནས་དེས་ལས་གཏོད་བྱེད་པའི་བརྒྱུད་རིམ་ཁྲོད་འཕྲད་པའི་དཀའ་གནད་ཐག་གཅོད་བྱེད་དགོས་པ་དང་འབྲེལ། འབྲེལ་གཏུག་ཁ་གཏད་མི་རེས་དུད་ཚང་དབུལ་པོ་2ཡན་ལ་སྐུལ་ཁྲིད་བྱེད་རྒྱུའི་ལམ་སྲོལ་བཙུགས་ཏེ་མ་དངུལ་གྱི་རོགས་སྐྱོར་དང་། ལག་རྩལ་བརྒྱུད་སྤྲོད། རྣམ་གྲངས་མཉམ་སྤྱོད་སོགས་ཀྱི་བྱ་ཐབས་བརྒྱུད་ཐུན་མོང་ཐོག་ཕྱུག་པོ་ཆགས་ཐབས་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།