[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁ་གྲོང་ཁྱེར་གྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས“ཤུགས་ཆེར་གཏོང་བ་གསུམ”ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-28

    “མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཚོའི་སྲོག་རྩ་ལྟ་བུ་ཞིག་རེད”ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་བྱེད་ཐབས་གསར་གཏོད་བྱས་ནས“ཤུགས་ཆེར་གཏོང་བ་གསུམ”བརྒྱུད་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བའི་མི་རིགས་ཁག་གི་མང་ཚོགས་ཚོའི་བསམ་བློའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་ཡོད། 

    རྣམ་པ་ཟབ་མོ་ཤུགས་ཆེར་བཏོད་ཅིང་། གྲོང་ཁྱེར་དེའི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས་གསར་འགྱུར་སྨྱན་སྦྱོར་དང་སྐད་འཕྲིན་ལས་སྟེགས་སོགས་བརྒྱུད་མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་རྒྱུ་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་མང་ཚོགས་ཚོར་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བྱ་རྒྱུ་ནི་མི་རིགས་ཁག་གི་མི་དམངས་ཀྱི་ཁེ་ཕན་ཆེ་ཤོས་དང་། མི་རིགས་ཁག་གི་མཐུན་སྒྲིལ་ཆེ་མོ་ནི་མེས་རྒྱལ་གཅིག་གྱུར་གྱི་འགན་ལེན་གལ་ཆེན་ཞིག་ཡིན་པ་ཤེས་རྟོགས་གཏིང་ཟབ་བྱ་རྒྱུའི་སློབ་གསོ་བཏང་བ་རེད། 

    སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ཞིང་། གྲོང་ཁྱེར་དེའི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་སོགས་ཀྱི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ནས། དུད་ཚང་དུ་བསྐྱོད་ནས་འདྲི་རྩད་དང་བརྟག་དཔྱད་ཞིབ་འཇུག་བྱེད་པ་དང་། མང་ཚོགས་ཀྱི་ཁྱིམ་དང་ཞིང་ནང་དང་མུ་ཁར་བསྐྱོད་དེ་མི་རིགས་མཐུན་སྒྲིལ་གྱི་དོན་སྙིང་གལ་ཆེན་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་ཏང་གི་དམངས་ཕན་སྲིད་ཇུས་ཁག་དྲིལ་བསྒྲགས་བྱས་ཏེ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོར་བོད་ཀྱི་འཕེལ་རྒྱས་ཀྱི་གྲུབ་འབྲས་ནི་ལས་སླ་པོར་ཐོབ་པ་ཞིག་མིན་པའི་ངོས་འཛིན་གཏིང་ཟབ་བྱེད་དུ་བཅུག་པས་ཕན་པ་གང་ནས་བྱུང་བ་དང་སུ་ལ་ཕན་པ་ཐོབ་མིན་དངོས་འབྲེལ་ཤེས་རྟོགས་ཐུབ་པ་བྱས་ཡོད། 

    སློབ་སྦྱོང་སློབ་གསོ་གཏོང་ཤུགས་ཆེ་རུ་བཏང་ཞིང་། གྲོང་ཁྱེར་དེའི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་ཁོང་དུ་ཡང་དག་ཆུད་པ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་མཐའ་འཁྱོངས་བྱས་ཏེ“མཚན་མོའི་སློབ་གྲྭ”དང་། ཏང་གི་སློབ་ཚན། མང་ཚོགས་ཀྱི་ཚོགས་ཆེན་སོགས་ཀྱི་བྱེད་ཐབས་དང་ཟུང་འབྲེལ་གྱིས་ཞིང་འབྲོག་མང་ཚོགས་སྒྲིག་འཛུགས་བྱས་ནས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས། ཁ་ཕྲལ་ལ་ངོ་རྒོལ་གྱི་རྒྱལ་ཁབ་ཀྱི་བཅའ་ཁྲིམས། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སོགས་སློབ་སྦྱོང་བྱས་པ་དང་། ཞིང་འབྲོག་མང་ཚོགས་ཚོར་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་བསམ་བློའི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་ཁྲིད་སྟོན་བྱས་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།