[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཉིང་ཁྲིའི་ཤང་དང་གྲོང་རྡལ་54ལ་རང་འགུལ་ཅན་གྱི་གནམ་གཤིས་ས་ཚིགས་ཁྱབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-10

     ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་གནམ་གཤིས་ཅུས་ཀྱིས་ལག་བསྟར་བྱས་པའི《2019ལོའི་ཆུ་རུད་ལས་གྲྭ་དང་ཉིང་ཁྲི་གྲོང་ཁྱེར་གྱི་རྫོང་དང་ཤང་དང་གྲོང་རྡལ་དབུལ་པོར་ས་ངོས་གནམ་གཤིས་ས་ཚིགས་བསྐྲུན་རྒྱུའི་རྣམ་གྲངས》བདེ་བླག་ངང་ལེགས་གྲུབ་བྱུང་བ་དང་། ཉིང་ཁྲི་གྲོང་ཁྱེར་གྱི་གནམ་གཤིས་ས་ཚིགས་མེད་པའི་ཤང་དང་གྲོང་རྡལ་26ལ་ཟླ་བ་3གྱི་ནང་རང་འགུལ་ཅན་གྱི་གནམ་གཤིས་ས་ཚིགས་ཕྱོགས་ཡོངས་ནས་བསྐྲུན་པ་དེས་ཉིང་ཁྲི་གྲོང་ཁྱེར་གྱི་རྫོང(ཆུས)7གྱི་ཤང(གྲོང་རྡལ)54ལ་རང་འགུལ་ཅན་གྱི་གནམ་གཤིས་ས་ཚིགས་ཕྱོགས་ཡོངས་ནས་ཁྱབ་པ་དང་། “ཤང་ཚང་མར་གནམ་གཤིས་ཀྱི་གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་ས་ཚིགས”ཡོད་པའི་དམིགས་ཚད་མངོན་འགྱུར་བྱུང་བ་མཚོན་ཡོད།

    རྣམ་གྲངས་འཛུགས་སྐྲུན་གྱི་བརྒྱུད་རིམ་ནང་ཉིང་ཁྲི་གྲོང་ཁྱེར་གནམ་གཤིས་ཅུས་ཀྱིས་ཆུ་རུད་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་གྱི་གནས་དང་། འདེབས་འཛུགས་ཀྱི་ཁུལ་ཁོངས་གཙོ་བོ། འགྲིམ་འགྲུལ་ལམ་མདོ་གལ་ཆེན། ཆུ་ཤུགས་གློག་ཁང་གི་ལྟ་ཞིབ་ཁུལ་གཙོ་བོ། མཐའ་མཚམས་གྲོང་ཚོ་སོགས་ཀྱི་གནམ་གཤིས་ཞབས་ཞུའི་དགོས་མཁོའི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ་ཐག་རིང་གི་ཤང་དང་གྲོང་རྡལ་དབུལ་པོ་26ལ་རང་འགུལ་ཅན་གྱི་གནམ་གཤིས་ས་ཚིགས་5བཙུགས་ཏེ་དྲོད་ཚད་དང་། བཤེར་ཚད། ཆར་པ་འབབ་ཚད། ལྷགས་ཕྱོགས། ལྷགས་པའི་མྱུར་ཚད་སོགས་གནམ་གཤིས་ཀྱི་གྲངས་གཞི་འཚོལ་བསྡུ་བྱ་རྒྱུ་རེད།

    ཉིང་ཁྲིའི་ཤང་དང་གྲོང་རྡལ་54ལ་རང་འགུལ་ཅན་གྱི་གནམ་གཤིས་ས་ཚིགས་ཁྱབ་ནས་ཉིང་ཁྲི་གྲོང་ཁྱེར་གྱི་གནམ་གཤིས་ས་ཚིགས་ཀྱི་དྲ་བའི་ཁྱབ་ཚུལ་སྔར་བས་བཟང་སྒྲིག་དང་། གནམ་གཤིས་གནོད་འཚེའི་ལྟ་ཞིབ་ས་ཚིགས་ཀྱི་དྲ་བ་ཁྱབ་ཚད་མཐོ་རུ་གཏོང་བ། རྫོང་དང་ཤང་གི་གནམ་གཤིས་ལྟ་ཞིབ་དང་། སྔོན་བརྡ་གཏོང་བ། ཞབས་ཞུ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་གནམ་གཤིས་ཀྱི་གནོད་འཚེ་སྔོན་འགོག་དང་། གནོད་འཚེ་ཉུང་གཏོང་། གེགས་སེལ་དང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་། དབུལ་སྒྲོལ་འགག་སྒྲོལ་དང་དམག་དམངས་མཉམ་འདྲེས་འཕེལ་རྒྱས་སོགས་ཀྱི་ལས་དོན་ལ་འདེགས་སྐྱོར་བྱ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།