[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལས་དོན་ཧུར་ཐག་བསྒྲུབས་ནས“དྲི་བ་གསུམ”ལ་ལན་ཡག་པོ་བཏབ་པ།

    —— ཉིང་ཁྲི་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་དམངས་འཚོར་ཞབས་འདེགས་ཞུས་པའི་ལས་ཀར་གྲུབ་འབྲས་ཡང་སེ་ཐོན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-08

    གླེང་གཞི།

    རང་ཉིད་ཐོག་མར་ཏང་ལ་ཞུགས་དོན་གང་ཡིན་པ་དང་ཏང་ལ་ཞུགས་རྗེས་གང་ཞིག་བྱེད་དགོས་མིན་འདྲི་བ་དང་། རང་ཉིད་ཐོག་མར་ལས་ཀར་ཞུགས་དོན་གང་ཡིན་པ་དང་ལས་ཀ་ཇི་ལྟར་བྱེད་མིན་འདྲི་བ། རང་ཉིད་དང་ཐོག་མི་སྤྱི་ཅུས་ལ་ཡོང་དོན་གང་ཡིན་པ་དང་མི་སྤྱི་ཅུས་སུ་སླེབས་རྗེས་ཡང་སྙིང་ཅི་ཞིག་བྱེད་པ་འདྲི་བ།

    “ལས་སྟེགས་ལྔ”གསར་གཏོད་བྱས་ཏེ། དམངས་འཚོར་སྐུལ་འདེད་བཏང་བ།

    ཉིང་ཁྲི་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་བྱ་ཐབས་གསར་གཏོད་བྱས་ཏེ“དྲ་བ་གཅིག”དང“གཱ་གཅིག” “ཁྱིམ་གཞིས་གཅིག” “དུས་དེབ་གཅིག” “ལམ་སྲོལ་གཅིག”བཅས་ཀྱི་ལས་སྟེགས་ལྔ་འཇུག་གཞིར་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མའི་རིམ་པ་མང་བ་དང་ནུས་པ་ཆེ་བའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་བཏང་བ་རེད།

    དྲ་བ་གཅིག་ནི“དྲ་སྦྲེལ+”ཀྱི་ཞབས་འདེགས་ལ་སྐུལ་འདེད་བཏང་བ་དེ་ཡིན་ཞིང་། ལྗོངས་ཡོངས་སུ“ཉིང་ཁྲི་གྲོང་ཁྱེར་གྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཞབས་ཞུའི་དྲ་བ”སྔོན་དུ་བཙུགས་ཏེ། མཐོ་སློབ་སློབ་ཐོན་སློབ་མས་ཡིག་ཚགས་བཙལ་འཚོལ་དང་། མ་དངུལ་རེ་ཞུ། ལས་གནས་འཚོལ་བ་སོགས་ལ་སྟབས་བདེ་བསྐྲུན་པ་རེད། “གཱ་གཅིག”ནི《ཉིང་ཁྲི་གྲོང་ཁྱེར་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད“གཅིག་གཏད་གཅིག”གི་ཞབས་ཞུའི་འབྲེལ་གཏུག་གཱ》1693བཟོས་ནས་སྤྲད་པ་དེ་ཡིན་ཞིང་། རོགས་སྐྱོར་འགན་འཁྲི་ཁ་གསལ་དང་རོགས་སྐྱོར་བརྒྱུད་རིམ་གྱི་ཟུར་ལྟའི་དཔྱད་གཞི་མཁོ་འདོན་བྱས་ནས་ཁོའོ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་1586དང་། གྲོང་ཁྱེར་རིམ་པའི་འགོ་ཁྲིད་ལས་བྱེད་པ་37གྱིས་རོགས་སྐྱོར་འགན་འཁྲི་ཧུར་ཐག་འཁུར་རྒྱུའི་སྐུལ་ལྕག་བྱས་པ་རེད། “ཁྱིམ་གཞིས་གཅིག”ནི་ཉིང་ཁྲི་གྲོང་ཁྱེར་གྱི་རྫོང་བདུན(ཆུས)སྒྲིག་འཛུགས་བྱས་ནས“དྲ་ཐོག་དང་དྲ་ཕྱི”ཟུང་འབྲེལ་གྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཁྱིམ་གཞིས་གཅིག་སྐྲུན་པར་སྐུལ་ཁྲིད་བྱས་པ་དེ་ཡིན་ཞིང་། མཐོ་སློབ་སློབ་ཐོན་སློབ་མར་ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་དྲིལ་བསྒྲགས་དང་། སྲིད་ཇུས་བློ་འདྲི། ལས་གཏོད་མཛུབ་ཁྲིད། ལས་གཏོད་རོགས་སྐྱོར་སོགས་ཀྱི་ཕྱོགས་ཡོངས་ཀྱི་ཞབས་འདེགས་ཞུས་ཡོད། “དུས་དེབ་གཅིག”ནི་ལོ་ཕྱེད་ལ་ཉིང་ཁྲི་གྲོང་ཁྱེར་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་དམིགས་བསལ་དུས་དེབ་ཐེངས་རེ་བཟོས་པ་དེ་ཡིན་ཞིང་། དུས་དེབ་ནང་ཉིང་ཁྲི་གྲོང་ཁྱེར་གྱི་ལས་གཏོད་དཔེ་མཚོན་མི་སྣའི་ལས་གཏོད་ཉམས་མྱོང་ངོ་སྤྲོད་བྱས་ཏེ་ཡི་གེ་དང་པར་རིས་ཀྱི་ལམ་ནས་རང་ལྗོངས་ཀྱི་ལས་ཞུཌ་ལས་གཏོད་ཀྱི་སྲིད་ཇུས་གསར་ཤོས་འགྲེལ་བཤད་བརྒྱབ་པ་དང་། དཔེ་མཚོན་གྱི་སྣེ་ཁྲིད་དང་མིག་དཔེའི་སྣེ་ཁྲིད་ཀྱི་ལམ་སྲོལ་ཆཌ་པར་བྱས་ཡོད། “ལམ་སྲོལ་གཅིག”ནི་ཉིང་ཁྲི་གྲོང་ཁྱེར་གྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུཌ་ལས་གཏོད་ཀྱི་ལྟ་སྐུལ་མཛུབ་ཁྲིད་ལམ་སྲོལ་བཟོས་པ་དང་འཐུས་སྒོ་ཚང་དུ་བཏང་བ་དེ་ཡིན་ཞིང་། ཉིང་ཁྲི་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་སྣེ་ཁྲིད་པ་དང་འབྲེལ་ཡོད་ཚན་པ་ཁོངས་མིར་བྱས་ཏེ་ཡུག་ཁུལ་བགོས་ནས་ལྟ་སྐུལ་བྱས་ཏེ་རྫོང(ཆུས)

    ཁག་གི་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་དང“གཅིག་གཏད་གཅིག”གི་རོགས་སྐྱོར་སོགས་ཀྱི་གནས་ཚུལ་ལ་ཕྱོཌ་ཡོངས་ནས་ལྟ་སྐུལ་མཛུབ་ཁྲིད་བྱས་པ་དང་འགན་འཁྲི་ལྡོག་སྐུལ་དོན་འཁྱོལ་བྱས་པ་རེད། 2019ལོ་ནས་བཟུང་ཉིང་ཁྲི་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་སྐུལ་སློང་བྱས་པ་དང་། ལྗོངས་ཕྱི་ནང་གི་ལས་ཞུཌ་ཐབས་ལམ་གཉིས་སྤྱི་འདོམས་བྱས་ཏེ་སློབ་ཐོན་སློབ་མར་ལས་ཞུགས་ལས་གནས་4100གསར་དུ་བཏོད་པ་རེད།

    བྱ་ཐབས་གཅིག་བཏོན་ནས། དམངས་ཀྱི་སེམས་ཁྲལ་བསལ་བ།

    ཁེ་ལས་མང་པོ་ཞིག་ལ་མ་དངུལ་འཁོར་རྒྱུག་ཐད་དཀའ་ངལ་འཕྲད་ནས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་དངོས་ཡོད་གནས་ཚུལ་ལ་དམིགས་ཏེ་ཉིང་ཁྲི་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་དེ་སྔོན་ཞིང་པ་ལས་མིའི་གླ་ཆ་ལེན་རོགས་ཁོ་ན་བྱེད་པ་ནས་ད་ཆ་ད་དུང་ཁེ་ལས་ཀྱི་མ་དངུལ་འཁོར་རྒྱུག་དཀའ་བའི་གནད་དོན་ཐག་གཅོད་བྱེད་རོགས་བྱས་ཡོད་ལ། 《ཉིང་ཁྲི་གྲོང་ཁྱེར་གྱི་ཞིང་པ་ལས་མིའི་གླ་ཆ་འགན་ལེན་དངུལ་ཕྱོགས་གསུམ་པས་ཁག་ཐེག་བྱེད་པའི་གནས་སྐབས་ལག་བསྟར་བྱ་ཐབས》ཀྱང་བཏོན་ཡོད། བྱ་ཐབས་དེའི་ནང་ཕྱོགས་གསུམ་པས་ཁག་ཐེག་བྱེད་པའི་ཐབས་ལ་བརྟེན་ནས་ཞིང་པ་ལས་མིའི་གླ་ཆ་འགན་ལེན་དངུལ་སྤྲད་དེ་ཁེ་ལས་ཀྱི་མ་དངུལ་འཁོར་རྒྱུག་དཀའ་བའི་གནད་དོན་ཞི་ལྷོད་དུ་བཏང་ཡོད། ཁེ་ལས་ཀྱིས་ལས་མིའི་གླ་ཆ་འགྱངས་ཆད་བྱེད་སྐབས་ཁག་ཐེག་ཀུང་སིས་ཆུ་ཚོད་72ནང་ཚུན་དུ་ཞིང་པ་ལས་མིའི་གླ་ཆ་སྤྲོད་རོགས་བྱས་ནས་ཁེ་ལས་དང་ཞིང་པ་ལས་མིའི་དངོས་ཡོད་དཀའ་ངལ་བསལ་བ་རེད།

    “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོར་ཉིང་ཁྲི་གྲོང་ཁྱེར་མི་སྤྱི་ཅུས་ཀྱི་ཏང་ཡོན་ལས་བྱེད་པ་དང་ལས་བཟོས་ཁས་ལེན་ནན་པོ་དང་། བྱ་ཐབས་དངོས་འདོན་པ། ཞབས་འདེགས་སྤུས་ལེགས་ཞུ་བ་བཅས་ལ་བརྟེན་ནས“དྲི་བ་གསུམ”ལ་ལན་ཡག་པོ་བཏབ་པ་སྟེ། “ཏང་ལ་ཞུགས་དོན”ནི“བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་ཆེད་ཡིན་པ”དང་། “ལས་ཀར་ཞུགས་དོན”ནི“དམངས་ཀྱི་ཆེད་དུ་སྲིད་འཛིན་བྱེད་པ” “མི་སྤྱི་ཅུས་སུ་ལས་ཀར་ཡོང་དོན”ནི“དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ”ཡིན་ཞིང་། ལས་དོན་དེ་དག་གི་འགོ་འཛུགས་ས་དང་དོན་ལ་བབས་ས་ནི་དམངས་ལ་ཞབས་འདེགས་ཞུ་བ་དང་། དམངས་འཚོ་ལེགས་སུ་གཏོང་བ། མི་སེམས་གཅིག་སྒྲིལ་བཅས་བྱེད་དགོས་པ་དེ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།