[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྗོངས་དམངས་སྲིད་ཐིང་གི་གྲོང་སྡོད་ལས་དོན་རུ་ཁག་གིས།

    ཁྱིམ་ཚང་གི་གཙང་སྦྲའི་དཔྱད་བསྡུར་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-08

    གྲོང་གསེབ་ཁྱིམ་ཚང་གི་ཁོར་ཡུག་གཙང་སྦྲར་ཕྱོགས་ཡོངས་ནས་བཅོས་སྒྲིག་བྱས་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་བ། མང་ཚོགས་ཁྱིམ་ཚང་གི་ཁོར་ཡུག་གཙང་སྦྲ་བཅོས་སྒྲིག་ལ་ཞུཌ་པའི་ཧུར་སེམས་སྐོང་འཐེན་བཅས་བྱ་ཆེད། ཉེ་ཆར། གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་ཕུན་ཚོགས་གླིང་ཤང་རྩེ་བྱང་གྲོང་ཚོར་བཅའ་སྡོད་ལྗོངས་དམངས་སྲིད་ཐིང་གི་ལས་དོན་རུ་ཁག་གིས་རྩེ་བྱང་གྲོང་ཚོའི་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་མཉམ་དུ་ཁྱིམ་ཚང་གི་གཙང་སྦྲའི་དཔྱད་བསྡུར་གཟེངས་བསྟོད་ཚོགས་ཆེན་འཚོགས་པར་གྲོང་ཚོ་ཡོངས་ཀྱི་མང་ཚོགས་60ལྷག་ཙམ་ཞུགས་པ་རེད།

    གཟེངས་བསྟོད་ཚོགས་འདུར་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གྱིས་གྲོང་ཚོ་དང་གྲོང་ལྷན་གྱི་ཁྱིམ་ཚང་གི་ཁོར་ཡུག་གཙང་སྦྲའི་ཞིབ་བཤེར་དཔྱད་བསྡུར་སྐར་གྲངས་དང་དཔྱད་བསྡུར་འབྲས་བུ་བསྒྲགས་པ་དང་འབྲེལ། ཁྱིམ་ཚང་གཙང་སྦྲའི་དཔེ་སྟོན་དུད་ཚང་2དང་ཁྱིམ་ཚང་གཙང་སྦྲའི་སྔོན་ཐོན་དུད་ཚང་8བདམས་ནས་་གཟེངས་བསྟོད་བྱས་པ་མ་ཟད། ཁོ་ཚོར“རྩེ་བྱང་གྲོང་ཚོའི་ཁྱིམ་ཚང་གཙང་སྦྲའི་དཔྱད་བསྡུར་སྐོར་སྐྱོད་དར་དམར”དང་དེ་བཞིན་བྱ་དགའ་ཡང་སྤྲད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།