[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྣང་རྫོང་གིས།

    “ཞིང་གསུམ”ལས་དོན་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-08

    “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང་། སྣང་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱིས་འདྲི་རྟོགས་དང་བརྟག་ཞིབ་བྱས་པའི་དོན་དངོས་དང་ཟུང་འབྲེལ་དང་གནད་དོན་ལ་ཞིབ་ལྟ་ནན་ཏན་བྱས་ནས“ཞིང་གསུམ”ལས་ཀའི་དཀའ་གནད་སེལ་རྒྱུར་འབད་བརྩོན་ལྷོད་མེད་བྱས་པ་དང་ཆབས་ཅིག ཐབས་མང་མཉམ་སྤྱོད་ཀྱིས་སྣང་རྫོང་གི“ཞིང་གསུམ”ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་ཡོད།

    དྲིལ་བསྒྲཌ་བྱེད་ཤུགས་ཆེ་རུ་བཏང་ནས་རྣམ་པ་ཟབ་མོ་བཏོད་ཅིང་། ཁྱབ་གདལ་ས་ཚིགས་དང་ཕྱུགས་ནད་སྔོན་འགོག་ས་ཚིགས་ཀྱི་ལེགས་ཆ་གང་ལེགས་སྤྱད་དེ་སྒྲོག་འགྲེལ་ཚོགས་ཆུང་ཞིང་དུད་དང་ཞིང་ནང་དུ་བཏང་ནས་མང་ཚོགས་ཀྱི་འདེབས་འཛུགས་དང་གསོ་ཚགས་དངོས་བྱེད་རིང་ཐོན་པའི་དཔེ་མཚོན་གནད་དོན་དང་ཟུང་འབྲེལ་གྱིས་ས་ཆ་དངོས་སུ་འཆད་ཁྲིད་དང་ལག་རྩལ་གྱི་མཛུབ་ཁྲིད་ཐེངས་15བྱས་པ་མ་ཟད། ད་དུང་སྲིད་ཇུས་ཁྲིམས་སྲོལ་དང་། ལོ་ཏོག་འདེབས་གསོ་དང་འབུ་ནད་རྩྭ་གསུམ་གྱི་གནོད་པ་འགོག་བཅོས། སྒོ་ཕྱུཌ་དང་ཁྱིམ་བྱ་གསོ་ཚགས་དང་དེ་བཞིན་ནད་ཡམས་སྔོན་འགོག་ཚོད་འཛིན་ལག་རྩལ། ལས་རིཌ་གསར་པའི་ཞིང་པ་གསོ་སྦྱོང་སོགས་ཀྱི་ཤེས་བྱ་དུས་ཐོག་ཏུ་མང་ཚོགས་ཁྲོད་ཁྱབ་པར་བྱས་པས། “ཞིང་གསུམ”ལས་དོན་ལ་མི་ཚང་མས་ཐུགས་ཁུར་དང་མི་ཚང་མ་ཞུགས་པའི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད། དེ་དང་དུས་མཚུངས་ཤང་གྲོང་རྡལ་6ལ་རྨོ་འདེབས་འཕྲུལ་འཁོར་ཆུང་གྲས་179སྤྲད་པ་དང་། འཕྲུལ་འཁོར་སྤྱོད་སྟངས་སློབ་པ་དང་ཞིང་འཕྲུལ་གཤམ་སྐྱེལ་སོགས་ཀྱི་བྱེད་སྒོ་གང་ལེགས་སྤྱད་དེ། ཕྱོགས་མང་པོའི་ཐད་ནས་ཞིང་འཕྲུལ་ཉོ་བའི་ཁ་གསབ་སྲིད་ཇུས་དང་དེ་བཞིན་སྤྱོད་སྟངས་དྲིལ་བསྒྲགས་བྱས་ཏེ་གོ་རིམ་བདེ་འཇགས་དང་ཚད་ལྡན་ཡོང་བའི་འགན་ལེན་བྱས་ཡོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།