[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་རང་སྐྱོང་ལྗོངས་ཀྱིས་བསོད་ནམས་འགག་སྒོའི་ཆུ་བེད་ལྟེ་བའི་ལས་གྲྭ་འཛུགས་སྐྲུན་སྐོར་ལ་ཞིབ་འཇུག་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-07

    ཚེས་4ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་བདེ་སྐྱིད་ཁྱིམ་གཞིས་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་རྒྱལ་མཚན་གྱིས《ཡར་ཀྲུང་གཙང་པོའི་བར་རྒྱུད་གྱི་བསོད་ནམས་འགག་སྒོ་ནས་ཟངས་རི་བར་གྱི་སྣོད་བཅུད་ཕྱོགས་བསྡུས་བཅོས་སྒྲིག་ལས་གྲྭའི(བསོད་ནམས་འགག་སྒོ་ཆུ་བེད་ལྟེ་གནས་དང་དེ་བཞིན་ཆུ་འདྲེན་མདོང་ལམ་ལས་གྲྭ)》སྐུལ་གཏོང་ཚོགས་འདུ་གཙོ་སྐྱོང་གནང་ནས། ལས་དོན་སྤེལ་ཤུགས་ཆེ་རུ་དང་འཕེལ་རིམ་མགྱོགས་སུ་བཏང་ནས། རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ཁག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ཚོགས་འདུའི་ཐོག་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷ་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་གཙོ་བོ་ཁག་གི་མཛུབ་ཁྲིད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་ཆབས་ཅིག ལྷོ་ཁ་གྲོང་ཁྱེར་སྲིད་གཞུང་དང་། ལྗོངས་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཚན་ཁག ཇུས་འགོད་ཚན་པ་བཅས་ཀྱི་གནས་ཚུལ་ངོ་སྤྲོད་ཀྱང་གསན་ནས། འབྲེལ་ཡོད་ས་ཁུལ་དང་གྲོང་ཁྱེར་དང་ལས་རིགས་ཁག་གི་གཙོ་འགན་སྡེ་ཚན་གྱི་འགན་འཁྲིའི་ཐད་ཞིབ་འཇུག་དང་། དུས་མཚམས་རྗེས་མའི་ལས་འགན་བཀོད་སྒྲིག་བྱས་པ་རེད།

    ཚོགས་འདུའི་ཐོག་ནན་བཤད་གནང་དོན། ལས་གྲྭ་དེ་ནི་རང་ལྗོངས་ཀྱི་མིག་སྔའི་བར་གྱི་ཆུ་བེད་རྣམ་གྲངས་ཆེ་ཤོས་དང་། དམངས་འཚོའི་འདུ་འགོད་དང་སྣོད་བཅུད་འདུ་འགོད་གལ་ཆེན་ཞིག་ཡིན་པས། ལྷོ་ཁའི་གཙང་བྱང་བདེ་སྐྱིད་ཁྱིམ་གཞིས་འཛུགས་སྐྲུན་དང་ས་བབ་ཧ་ཅང་མཐོ་ཁུལ་ནས་སྤོ་བའི་ལས་དོན་དང་འབྲེལ་བ་ཡོད་པས། འབྲེལ་ཡོད་ས་ཁུལ་དང་གྲོང་ཁྱེར་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོར་གཏོང་། སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། ལས་དོན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལས་འགན་ཁ་གསལ་བཟོ་བ། ལས་འགན་གསལ་ཐོ་བཟོ་བ། ལས་ཡུན་ལྡོག་རྩིས་བྱེད་པ། མཉམ་ཤུགས་བསྒྲིལ་ནས་སྐུལ་འདེད་གཏོང་བ། རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ཁག་ཡག་པོ་སྒྲུབ་པ་བཅས་བྱས་ནས། སང་ལོར་དུས་བཀག་ལྟར་ལས་གྲྭ་འགོ་འཛུགས་ཐུབ་རྒྱུའི་འགན་ལེན་བྱེད་དགོས། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།