[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དགུ་པ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-04

    སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དགུ་པ་ཚེས་2ཉིན་ལྷ་སར་འཚོགས་པ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱི་བཀའ་མངགས་ལྟར། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་ཞི་གཞོན་པ་ཀའོ་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཚོགས་འདུའི་ལས་འགན་གཙོ་བོ་ནི་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་འཚོག་པར་གྲ་སྒྲིག་བྱ་རྒྱུ་ཡིན་པ་རེད།

    ཚོགས་འདུའི་ཐོག ད་ཐེངས་ཚོགས་འདུའི་གྲོས་རིམ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། རྒྱལ་ཡོངས་སྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ལས་དོན་ཚོགས་འདུའི་དགོངས་དོན་དང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་ལྗོངས་ཏང་ཨུད་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ། སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་གྲོས་རིམ(འཆར་ཟིན)དང་ཉིན་རེའི་གྲོས་རིམ་གྲོས་ཞིབ་གནང་ནས་གྲོས་འཆམ་བྱུང་བ། སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན(འཆར་ཟིན)དང་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་གནས་ཚུལ་གྱི་སྙན་སྒྲོན(འཆར་ཟིན)གྲོས་ཞིབ་གནང་ནས་གྲོས་འཆམ་བྱུང་བ་དང་འབྲེལ། སྙན་ཞུ་བ་འོས་སྦྱོར་གནང་བ། སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་དྲུང་ཆེ་དང་། རྒྱུན་ལས་དྲུང་ཆེ་གཞོན་པ། དྲུང་ཆེ་གཞོན་པ་བཅས་ཀྱི་མཚན་ཐོ་གྲོས་ཞིབ་གནང་ནས་གྲོས་འཆམ་བྱུང་བ། བློ་མཐུན་ལི་ཅུན་ལུན་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་དང་སློབ་སྦྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་མི་འཁུར་རྒྱུའི་གཏན་འབེབས་ལ་གྲོས་ཞིབ་གནང་ནས་གྲོས་འཆམ་བྱུང་བ་དང་། བློ་མཐུན་ལི་ཅུན་ལུན་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དང་ཨུ་ཡོན་ནས་དགོངས་པ་ཞུ་བའི་རེ་འདུན་དང་ལེན་བྱ་རྒྱུའི་སྐོར་གྱི་གཏན་འབེབས་ལ་གྲོས་ཞིབ་གནང་ནས་གྲོས་འཆམ་བྱུང་བ། པའོ་ཆོན་ཡུང་སོགས་བློ་མཐུན་3གྱི་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ནས་དགོངས་པ་ཞུ་བའི་རེ་འདུན་དང་ལེན་བྱ་རྒྱུའི་སྐོར་གྱི་གཏན་འབེབས་ལ་གྲོས་ཞིབ་གནང་ནས་གྲོས་འཆམ་བྱུང་བ། སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གསབ་འདེམས་ཨུ་ཡོན་གྱི་མིང་ཐོར(འཆར་ཟིན)གྲོས་ཞིབ་གནང་ནས་གྲོས་འཆམ་བྱུང་བ། མི་དོན་དོན་ཚན་སྐོར་གྱི་གསལ་བཤད་གསན་པ། ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གི་2019ལོའི་ལས་དོན་གནས་ཚུལ་གྱི་སྙན་སྒྲོན་གསན་པ་རེད།

    ཚོགས་འདུའི་ཐོག་ནན་བཤད་གནང་དོན། སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། ཀྲུང་དབྱང་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་སོགས་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ། དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་ཟབ་གཏོང་ཕན་ཚུན་སྦྲེལ་མཐུད་བྱེད་པ། བློ་འདྲི་ཇུས་འདོན་དང་ཐུན་མོང་ངོས་འཛིན་གཅིག་སྒྲིལ་ལ་ཕྱོགས་གཉིས་ནས་ཤུགས་རྒྱག་པ། ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བཅས་མཐའ་འཁྱོངས་བྱས་ཏེ། རང་ལྗོངས་ཀྱི་འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་ལ་ཐབས་འདོན་ཇུས་འབུལ་བྱེད་དགོས། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་རྒྱ་ཁྱབ་ཏུ་བྱེད་པ། ཚོགས་ཆེན་གྱི་གྲོས་གཞི་ཞིབ་ཚགས་ངང་འབྲི་བ། གྲོས་བསྡུར་གཏམ་བཤད་གྲ་སྒྲིག་ནན་ཏན་བྱེད་པ། ཚོགས་འདུའི་སྒྲིག་ལམ་ལ་བརྩི་སྲུང་ནན་པོ་ཞུ་བ་བཅས་བྱས་ཏེ་ཚོགས་འདུ་སྤྱོད་བཟང་གཞུང་དྲང་དང་ཐུཌ་གྲ་ལེགས་སྒྲིག་ཡོང་བའི་འགན་ལེན་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།