[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཀྲུང་གོ་སྒུལ་བདེ་བོད་ལྗོངས་ཀུང་སིས་སྐྲུན་འགན་འཁུར་བའི་ཉིང་ཁྲིའི“རིག་ནུས་ལ་ བརྟེན་ནས་བཟའ་བཅའ་བཤེར་བའི”ལས་སྟེགས་སྤྱོད་འགོ་ཚུགས་པ། ​

    ཤའི་སྤུས་ཚད་ལེགས་ཉེས་རྩ་གཉིས་ཨང་རྟགས་བཤེར་ན་ཁུངས་འདེད་ཐུབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-05

    ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས“རིག་ནུས་ལ་བརྟེན་ནས་བཟའ་བཅའ་བཤེར་བའི”ཤ་སོས་པའི་ཁུངས་འདེད་ལས་སྟེགས་དངོས་སུ་སྤྱོད་འགོ་ཚུགས་པས། དེ་ལྗོངས་ཡོངས་ཀྱི་ཤ་སོས་པ་ཁུངས་འདེད་དང་བརྟག་བཤེར་ཞིབ་དཔྱད་གཞི་གཅིག་ཏུ་འདུས་པའི་རིག་ནུས་ལྟ་འདོམས་ཞབས་ཞུའི་ལས་སྟེགས་དང་པོར་གྱུར་ཡོད། ལས་སྟེགས་དེ་ནི་ཀྲུང་གོ་སྒུལ་བདེ་བོད་ལྗོངས་ཀུང་སིས་སྐྲུན་འགན་འཁུར་བ་ཞིག་ཡིན་པ་དང་། དེའི་ནང་ཤ་སོས་པ་མཁོ་འདོན་བྱེད་མཁན་དང་། བཤས་རར་གཏོང་ཚུལ། ནད་ཡམས་ཞིབ་བཤེར། བཤས་གཏོང་བ། སྡེབ་སྐྱེལ་སོགས་ཀྱི་འབྲེལ་ཡོད་ཆ་འཕྲིན་འདུས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཉིང་ཁྲི་གྲོང་ཁྱེར་གྱི“རིག་ནུས་ལ་བརྟེན་ནས་བཟའ་བཅའ་བཤེར་བའི”ཤ་སོས་པའི་ཁུངས་འདེད་ལས་སྟེགས་འཛུགས་སྐྲུན་གྱི་ཁྱབ་ཁོངས་སུ། བཤས་གཏོང་ཆ་འཕྲིན་ལྟ་སྐུལ་ཚོད་འཛིན་མ་ལག་དང་། འཁོར་རྒྱུག་ལྷུ་ཚིགས་ཀྱི་ཆ་འཕྲིན་ལྟ་སྐུལ་ཚོད་འཛིན་མ་ལག(མཛོད་འཇུག་འཁོར་རྒྱུག་དོ་དམ་དང་། མཛོད་འདོན་འཁོར་རྒྱུག་དོ་དམ། བརྡ་ཐོ་དང་སྤྱི་བསྒྲགས་དོ་དམ། ཞུ་སྦྱོར་ཐེར་འདོན་དོ་དམ། ཞིབ་དཔྱད་བློ་འདྲི། བརྙན་ལམ་ལྟ་སྐུལ་ཚོད་འཛིན་དོ་དམ་བཅས)འཛད་སྤྱོད་ལྷུ་ཚིགས་ཀྱི་སྤྱི་དམངས་ཞབས་ཞུའི་མ་ལག ཁུངས་འདེད་ཞབས་ཞུའི་མ་ལག་བཅས་དང་དོ་དམ་གྱི་APPསོགས་ཚུད་ཡོད། ཉིང་ཁྲི་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་གྲོང་ཁྱེར་ཡོངས་སུ“རིག་ནུས་ལ་བརྟེན་ནས་བཟའ་བཅའ་བཤེར་བའི”ཤ་སོས་པའི་ཁུངས་འདེད་ལས་སྟེགས་སྤྱོད་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཞིང་། མིག་སྔར་ཤ་སོས་པའི་ཁུངས་འདེད་ལྟ་འདོམས་བཀོལ་སྤྱོད་གསོ་སྦྱོང་དང་སྒྲིག་ཆས་སྤྲོད་པའི་ལས་དོན་སྤེལ་སྒང་རེད། ཅུས་དེས་མིག་སྔར་ཐོ་འགོད་བྱས་པའི་ཤ་སོས་པ་འཚོང་ས་དང་བཤས་རར་མ་ལག་འདི་སྤྱོད་བཞིན་ཡོད། གྲོང་མིས་ཤ་སོས་པ་ཉོ་སྐབས་སྤ་སེ་ཆུང་ངུ་དགོས་པའི་རེ་བ་བཏོན་ན། སྤ་སེའི་ངོས་ཀྱི་རྩ་གཉིས་ཨང་རྟགས་བཤེར་ཚེ་ཤ་སོས་པའི་ཡོང་ཁུངས་ཤེས་ཐུབ་པ་མ་ཟད། བརྟག་བཤེར་ཞིབ་དཔྱད་ཀྱི་ཆ་འཕྲིན་ཡང་དུས་ཐོག་ཏུ་ཤེས་ཐུབ། མ་ལག་འདི་སྤྱད་ཚེ་རྒྱ་ཆེའི་གྲོང་མི་རྣམས་ལྟ་སྐུལ་པར་གྱུར་པས་བཟའ་བཅའི་སྤྱིའི་བདེ་འཇགས་ཆུ་ཚད་སྔར་བས་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་ཐུབ། མང་ཚོགས་ཚོས་སྒྱུར་བཅོས་གསར་གཏོད་ལས་བྱུང་བའི་སྟབས་བདེ་སྤྱོད་ཆོག་ལ་གནས་བཟོད་བདེ་པོས་ཟས་རིགས་ལོངས་སུ་ཡང་སྤྱོད་ཆོག   ཤེས་རྟོགས་བྱུང་བར་གཞིགས་ན། “རིག་ནུས་ལ་བརྟེན་ནས་བཟའ་བཅའ་བཤེར་བའི”རྣམ་གྲངས་དེས་གྲངས་གཞི་ཆེན་པོའི་ལྟེ་གནས་དང་བཀོད་འདོམས་བཀོད་གཏོང་ལྟེ་གནས་གཉིས་དང་། སྲིད་གཞུང་དང་། ཁེ་ལས། སྤྱི་དམངས་བཅས་ལ་ཕྱོགས་རྒྱུ། ཁྲོམ་ར་ལྟ་འདོམས་ཅུས་ཀྱི་གཞུང་ཕྱོགས་དྲ་བ་དང་སྐད་འཕྲིན་བཅས་དམིགས་ཚད་དུ་འཛིན་པ་དང“གཅིག་གྱུར་འཆར་འགོད་དང་། གཅིག་གྱུར་བཀོད་སྒྲིག གཅིག་གྱུར་བཀོལ་སྤྱོད། གཅིག་གྱུར་གྲངས་གཞི། གཅིག་གྱུར་དྲ་ཚུགས”བཅས་ཀྱི་གཞི་གཅིག་ཅན་འཛུགས་སྐྲུན་གྱི་བསམ་བཀོད་ལྟེ་བར་བཟུང་ནས་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ལྟ་འདོམས་མ་ལག་བཙུགས་ཡོད། ཆ་འཕྲིན་ཅན་གྱི་ཐབས་ལམ་ལ་བརྟེན་ནས་ལྟ་འདོམས་བྱེད་སྟངས་གསར་བརྗེས་བྱེད་པ་དང་། བཟའ་བཅའ་དང་སྨན་རྫས་བདེ་འཇགས་ལྟ་འདོམས་གྱི་ཕན་འབྲས་ཆེ་རུ་གཏོང་བ། བཅའ་བཅའ་དང་སྨན་རྫས་བདེ་འཇགས་མཉམ་དུ་བཅོས་སྐྱོང་དང་མཉམ་དུ་དོ་དམ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།