[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གུང་གཞོན་སྡེ་ཚོགས་སྟོད་ལུང་བདེ་ཆེན་ཆུས་ཨུད་ཀྱིས“དང་བླངས་ཀྱི་ཐོག་མའི་བསམ་འདུན་མ་བརྗེད་པར་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེཌ་བྱེད”པའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-22

     ཉེ་ཆར། གུང་གཞོན་སྡེ་ཚོགས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཨུ་ཡོན་ལྷན་ཁང་གིས“དང་བླངས་ཀྱི་ཐོག་མའི་བསམ་འདུན་མ་བརྗེད་པར་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེཌ་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་ཁོངས་གཏོགས་ཁུལ་གྱི་དབུལ་སྐྱོར་གནས་སྤོས་བྱ་ཡུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཤིང་། ནུབ་རྒྱུད་འཆར་གཞིའི་དང་བླངས་པ་10ལྷག་སྒྲིག་འཛུགས་བྱས་ཏེ་ལྷ་ས་གྲོང་ཁྱེར་སྒུལ་བདེ་ཀུང་སི་དང་མཉམ་དུ་སྔ་རྗེས་སུ་ཡུལ་གཞན་དུ་གནས་སྤོ་བྱ་ཡུལ་གདོང་དཀར་ཁྲོམ་གཞུང་འཆམ་མཐུན་དགའ་ཚལ་དང་། གནས་ཆུང་ཁྲོམ་གཞུང་འབྲོག་མ་གྲོང་ཚོ། ས་བབ་མཐོ་བའི་སྣོད་བཅུད་གནས་སྤོའི་རྒུ་རུམ་གྲོང་རྡལ་རོང་མ་ས་ཚིགས་བཅས་སུ་བསྐྱོད་དེ་ཕུན་སུམ་ཚོགས་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་ཁག་3སྤེལ་བ་རེད།

    ཤེས་རྟོཌ་བྱུང་བ་ལྟར་ན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། གནད་སྨིན་དབུལ་སྐྱོར་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་སྐོར་གྱི་རང་སྐྱོང་ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་བཀོད་སྒྲིག་ཁག་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཁྲོད་ཀྱི་རྒྱ་ཆེའི་སྡེ་ཚོགས་གཞོན་ནུའི་སྟོབས་ཤུགས་གསར་པ་དང་འཕྲལ་སྒྲུབ་རུ་ཁག་གི་ནུས་པ་འདོན་སྤེལ་གང་ལེགས། སྟོད་ལུང་བདེ་ཆེན་ཆུས་ཀྱི་ཡུལ་གཞན་དུ་གནས་སྤོ་བྱ་ཡུལ་གྱི་དཀའ་ངལ་ཤེས་རྟོགས་ཟབ་མོ་བཅས་བྱ་ཆེད། གུང་གཞོན་སྡེ་ཚོགས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཨུ་ཡོན་ལྷན་ཁང་གིས་ཕྱོགས་ཁག་གི་གནད་སྨིན་དབུལ་སྐྱོར་དང་རོགས་སྐྱོར་གྱི་སྟོབས་ཤུགས་འདོན་སྤེལ་བྱས་ཏེ“དང་བླངས་ཀྱི་ཐོག་མའི་བསམ་འདུན་མ་བརྗེད་པར་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་ཐེངས་མང་སྤེལ་བར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། བརྗོད་དོན་གཙོ་བོའི་བྱེད་སྒོའི་ཁྲོད། གུང་གཞོན་སྡེ་ཚོགས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཨུ་ཡོན་ལྷན་ཁང་གིས་རིམ་རྩིས་བྱས་ན“སྔོན་གྲབས་གུང་གཞོན”ལས་དོན་གྱི་ལག་དེབ་དང་མི་རིགས་མཐུན་སྒྲིལ་གྱི་ལག་དེབ་500ལྷག་སྤྲད་པ་དང་། འབྲས་དང་། པད་ཁའི་སྣུམ། གཙང་འཁྲུད་བཤེར་ཁུ། འདག་ཕྱེ། ཨ་ཅོར། སོ་སྨན་སོགས་འཚོ་བའི་ཉེར་མཁོ་དངོས་ཟོག་སྣ་ཚོགས་སྒོར་8700ལྷག་རི་བ་སྤྲད་པ། ཁྱིམ་ཚང་གི་གནས་ཚུལ་ཅུང་དམིགས་བསལ་ཡིན་པའི་གནད་སྨིན་དབུལ་སྐྱོར་དུད་ཚང་21ལ་འཚམས་འདྲི་བྱས་པ། བྱེད་སྒོའི་ནང་ཞུགས་པའི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱ་ཡུལ་གྱི་ཞིང་འབྲོག་མང་ཚོགས་རིམ་རྩིས་བྱས་ན་མི་ཐེངས་700ཟིན་པ་བཅས་རེད།

    གནས་སྤོ་བྱ་ཡུལ་གྱི་བྱེད་སྒོ་སྤེལ་ཡུལ་ཁག་ཏུ་གུང་གཞོན་སྡེ་ཚོགས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཨུ་ཡོན་ལྷན་ཁང་གིས་ཡུལ་དངོས་སུ་མི་རིགས་མཐུན་སྒྲིལ་གྱི་ཤེས་བྱའི་སྒྲོག་འགྲེལ་དང《གཞོན་ནུ་ལོ་ཆུང་གི་ཁྲིམས་འགལ་ཉེས་གསོག་སྔོན་འགོག》ཤེས་བྱའི་འཆད་ཁྲིད་བྱས་པ་མ་ཟད། ཕུན་སུམ་ཚོགས་པའི་སྤྲོ་སྣང་འགྲན་བསྡུར་དང་། རིག་རྩལ་འཁྲབ་སྟོན། དབུལ་སྐྱོར་ཤེས་བྱའི་དྲི་བ་དྲིས་ལན་གྱི་འགྲན་བསྡུར། དང་བླངས་པས་ཁྱིམ་ཚང་དུ་བསྐྱོད་ནས་གནད་སྨིན་དབུལ་སྐྱོར་སྲིད་ཇུས་སྒྲོག་འགྲེལ་སོགས་ཀྱི་ནང་དོན་མང་པོའི་བྱེད་སྒོ་སྤེལ་ཁར། “དང་བླངས་ཀྱི་ཐོག་མའི་བསམ་འདུན་མ་བརྗེད་པར་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་གཉེར་ནས་སྟོད་ལུང་བདེ་ཆེན་ཆུས་ཀྱི་གནད་སྨིན་དབུལ་སྐྱོར་ལས་དོན་སླར་ཡང་གོང་འཕེལ་ཡོང་བར་རམ་འདེགས་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།