[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • དམར་ཐིག་གི“བདེ་འཇགས་དྲ་བ”བརྟན་པོ་སྐྲུན་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   དབྱང་ཙེ་ཡན་གྱིས།    |    སྤེལ་དུས།   2017-05-19

    སྔར་ནས་ད་བར་བདེ་འཇགས་ལས་འཛོལ་གྱི་བསླབ་བྱ་ནི་མི་རྣམས་ལ་སྣ་སུན་ཕོག་དགོས་པ་ཞིག་རེད། འོ་ན་ང་ཚོས་གང་འདྲ་བྱས་ནས་དོན་མེད་ཀྱི་བདེ་འཇགས་ལས་འཛོལ་མི་ཐོན་པ་བྱེད་དགོས་སམ།

    སྨྱུག་འཛིན་པས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བྱ་ཐབས་འདི་ལྟར་སྤེལ་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། དང་ཐོག་འགན་འཁྲིའི་མ་ལག་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ལམ་ལུགས་ཁག་ལག་ལེན་ནན་པོ་བསྟར་དགོས། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་ཏན་བྱས་ནས་གཞི་རིམ་གྱི་བདེ་འཇགས་འགན་འཁྲི་དང་ལས་གནས་ཁག་གི་འགན་འཁྲིར་དམ་འཛིན་ནན་པོ་བྱས་ཏེ་བདེ་འཇགས་བཀོལ་སྤྱོད་ཀྱི་གོ་རིམ་དོན་འཁྱོལ་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་ལམ་ལུགས་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ། བདེ་འཇགས་ཐོན་སྐྱེད་ཀྱི་ཚོད་འཛིན་སྟོན་གྲངས་མ་ལག་སྒྱུར་བཅོས་དང་ལེགས་སུ་གཏོང་བ་བཅས་བྱས་ནས་ནུས་པ་ཆེ་བའི་དཔྱད་ཞིབ་གདེང་འཇོག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།

    སྲིད་འཛིན་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་ཁེ་ལས་ཀྱིས་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། “ཁྱོན་ཡོངས་ལ་ཁྱབ་པ་དང་། ཐར་པར་མི་གཏོང་བ། ཁྲིམས་འཛིན་ནན་པོ། ཕན་འབྲས་ཐོན་རྒྱུར་མཐོང་ཆེན”བཅས་བྱེད་པའི་བླང་བྱ་གཞིར་བཟུང་ཞིབ་བཤེར་ཆེན་པོའི་ལས་དོན་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས་པ་དང་། མཉམ་འབྲེལ་ཁྲིམས་འཛིན་གྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཁྲིམས་འགལ་སྒྲིག་འགལ་དང་སྲོལ་འགལ་གྱི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ལས་འཛོལ་ཚབས་ཆེན་ཐོན་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས་པ་དང་།

    གཉིས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་དྲིལ་བསྒྲགས་སློབ་གསོ་དང་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་བདེ་འཇགས་ལ་མཐོང་ཆེན་བྱེད་པའི་རྣམ་པ་བཟང་པོ་ཞིག་གཏོད་དགོས། ཁེ་ལས་ཁག་གཅིག་ལ་སློབ་གསོ་གསོ་སྦྱོང་བྱེད་པའི་ནུས་པ་མེད་པའི་གནས་ཚུལ་ལ་དམིགས་ནས་ལམ་ལུགས་གསར་གཏོད་བྱ་རྒྱུ་དམིགས་ཡུལ་དུ་བྱས་ཏེ་ལས་ཡུལ་དངོས་སུ་བསྐྱོད་ནས་གསོ་སྦྱོང་བྱེད་རྒྱུར་རོགས་རམ་བྱེད་དགོས། འགྲོ་ལམ་འགྲིམ་འགྲུལ་དང་མེ་ཟོན་བདེ་འཇགས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་ཡོངས་ཀྱིས་བདེ་འཇགས་ལ་མཐོང་ཆེན་བྱེད་པའི་རྣམ་པ་བཟང་པོ་ཞིག་གཏོད་དགོས།

    མཇུག་ཏུ་བདེ་འཇགས་ཐོན་སྐྱེད་ཀྱི་རྨང་གཞི་བརྟན་དུ་བཏང་ནས་སྟབས་བསྟུན་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་འགན་འཁྲིའི་ཁྱབ་ཁོངས་དང་དེ་བཞིན་འབྲེལ་ཡོད་ཁེ་ལས་ཀྱི་གཞི་ཁྱོན་དང་བདེ་འཇགས་ཐོན་སྐྱེད་ཀྱི་ཆ་རྐྱེན་གཞིར་བཟུང་ཐོན་སྐྱེད་གཉེར་སྐྱོང་ཚན་པར་རིགས་དབྱེ་རིམ་དབྱེའི་ལྟ་སྐུལ་དོ་དམ་བྱེད་དགོས་པ་དང་། ཁེ་ལས་ཀྱི་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་གི་གནས་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་པ་བྱས་ནས་ཁེ་ལས་ཀྱི་རྒྱུན་གཏན་བདེ་འཇགས་ལས་དོན་ལ་སྟབས་བསྟུན་ལྟ་སྐུལ་དོ་དམ་བྱེད་དགོས་པ། བདེ་འཇགས་ལྟ་སྐུལ་དོ་དམ་ལས་དོན་ཐད་མི་སྣ་དང་། ལས་གནས། འགན་འཁྲི་བཅས་གཏན་འཁེལ་བྱས་ནས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ཁྱོན་ཡོངས་ལ་ཁྱབ་པའི་འགན་ལེན་བཅས་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།