[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • “འཚོལ་རོགས་བྱས་པའི”ལས་ཀ་ཡག་པོར་ངེས་པར་དུ་གཅེས་སྤྲས་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཝང་ཧྥེ།    |    སྤེལ་དུས།   2017-05-19

    ལས་ཞུགས་ནི་དམངས་འཚོའི་རྩ་བ་ཡིན་པས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་ལ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་ཡང་འབྲེལ་བ་ཡོད། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔ་ཕྱི་བར་གསུམ་དུ་དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩིས་ནས་ལས་ཞུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ལྷག་དོན་དུ་ཉེ་ལམ་ལོ་ཤས་རིང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལས་ཞུགས་སྔོན་འཇོག་གི་འཐབ་ཇུས་དང་དེ་བས་ཕན་ནུས་ལྡན་པའི་ལས་ཞུགས་ཀྱི་སྲིད་ཇུས་ལག་ལེན་བསྟར་བས་ལྗོངས་ཡོངས་ཀྱི་ལས་ཞུགས་ཞབས་ཞུའི་མ་ལག་རིམ་གྱིས་འཐུས་སྒོ་ཚང་དུ་ཕྱིན་ཏེ་ལས་ཞུགས་ལས་དོན་ལ་རྣམ་པ་བཟང་པོ་མངོན་ཡོད།

    ལས་ཞུགས་ལས་གནས་སྤྱི་ཚོགས་ཡོངས་སུ་ཁྱབ་རྒྱ་སྔར་བས་ཆེ་རུ་གཏོང་དགོས། ཉེ་ཆར། ཚ་ཚ་འུར་འུར་ངང་སྤེལ་བཞིན་པའི“དཔྱིད་རླུང་བྱ་སྤྱོད”སྤེལ་བའི་དུས་དང་ཏག་ཏག་འཁེལ་ཞིང་། ལྗོངས་ཡོངས་ཀྱི་འབྲེལ་ཡོད་ཚན་པ་ཁག་གིས་དམངས་གཉེར་ཁེ་ལས་ཀྱི་སྦྲེལ་མཐུད་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ལས་ཀ་འཚོལ་མཁན་ཚོར་ལས་ཞུགས་ལས་གནས་དེ་བས་མང་བ་འཚོལ་རོགས་བྱེད་དགོས། འབྲེལ་ཡོད་སྡེ་ཚན་གྱིས་ད་དུང་གཞུང་ཁོངས་ཁེ་ལས་དང་སྣེ་འདྲེན་ཁེ་ལས་ཀྱི་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་ནས་ལྗོངས་ཡོངས་ཀྱི་གཞུང་ཁོངས་ཁེ་ལས་དང་སྣེ་འདྲེན་ཁེ་ལས་ཀྱིས་ལས་གནས་མཁོ་འདོན་བྱེད་པའི་བྱེད་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ལས་ཞུགས་ལས་གནས་ཕྱོགས་ཡོངས་ནས་མཁོ་འདོན་དང་ལས་ཞུགས་བྱེད་རྒྱ་ཆེ་རུ་གཏོང་དགོས།

    ངལ་རྩོལ་རྩལ་ནུས་གསོ་སྦྱོང་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་དགོས། ཤང་གྲོང(ཁྲོམ་གཞུང)དང་། གྲོང་ཚོའི(གྲོང་ལྷན)གཞི་རིམ་གྱི་ལས་སྟེགས་ལ་བརྟེན་ནས་ཞིང་འབྲོག་པ་ངལ་རྩོལ་རྩལ་ནུས་གསོ་སྦྱོང་ལ་ཞུགས་རྒྱུའི་སྐུལ་སློང་བྱེད་དགོས། གནད་སྨིན་དབུལ་སྐྱོར་བྱ་ཡུལ་ལ་དམིགས་ནས་གནད་སྨིན་དབུལ་སྐྱོར་བྱ་ཡུལ་གྱི་གསོ་སྦྱོང་འདོད་འདུན་ཕྱོགས་ཡོངས་ནས་ཤེས་རྟོགས་བྱས་ཏེ་ལས་ཞུགས་ལས་གནས་ཀྱི་བླང་བྱ་དང་ཟུང་འབྲེལ་གྱིས་དེར་ཚད་དང་མཐུན་པའི་ངལ་ནུས་གསོ་སྦྱོང་དང་སྟབས་བསྟུན་སྣ་མང་གི་གསོ་སྦྱོང་བྱ་ཐབས་སྤྱད་ནས་ཉེ་འགྲམ་དུ་རྩལ་ནུས་སློབ་པའི་ལས་དོན་ཧུར་ཐག་སྤེལ་དགོས།

    ལས་ཞུགས་ཞབས་ཞུའི་ལས་སྟེགས་བསྐྲུན་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་ནས་འབྲེལ་ཡོད་སྡེ་ཚན་གྱིས་བརྟག་ཞིབ་གཏིང་ཟབ་བྱས་པའི་རྨང་གཞིའི་ཐོག་ངལ་རྩོལ་ནུས་ཤུགས་ལས་ཞུགས་དང་། དགེ་མཚན། ཁྱིམ་ཚང་གི་མི་འབོར་སོགས་ཀྱི་གནས་ཚུལ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱེད་དགོས། ལས་ཞུགས་ངོ་སྤྲོད་ལྟེ་གནས་དང་གཞི་རིམ་གྱི་ཞབས་ཞུའི་ལས་སྟེགས་ཁག་གི་འགན་འཁྲི་ཁག་བགོས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་དུས་བཀག་བཞིན་ལས་མི་སྤྱོད་མཁན་ཚན་པར་བཅར་འདྲི་བྱས་ནས་ལས་ཞུགས་གཞན་སྒྱུར་མི་སྣའི་ལས་ཀའི་གནས་ཚུལ་ཤེས་རྟོགས་བྱས་ཏེ་དམིགས་སའི་རང་བཞིན་ལྡན་པའི་ངང་ལས་རིགས་མཛུབ་ཁྲིད་བྱེད་དགོས་པ་དང་འབྲེལ་བཅར་འདྲི་བྱས་འབྲས་གཞི་རིམ་ལས་སྟེགས་ལ་བརྡ་ལན་སྤྲོད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།