[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཡུལ་བབ་དང་བསྟུན་ནས་ཐོན་ལས་དབུལ་སྐྱོར་བྱེད་དགོས།

  • ཡོང་ཁུངས།      |    རྩོམ་པ་པོ།   སུན་ཝུན་ཅོན།    |    སྤེལ་དུས།   2017-06-16

    ཐོན་ལས་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བར་ས་ཁུལ་དབུལ་པོའི་རང་བྱུང་ཐོན་ཁུངས་ཞན་པ་དང་མི་ཤུགས་ཐོན་ཁུངས་ཞན་པའི་གནས་ཚུལ་དང་། དེ་བཞིན་ཁྲོམ་རའི་དགོས་མཁོའི་འགྱུར་ལྡོག་བཅས་ལ་བསམ་གཞིག་གང་ལེགས་བྱས་ཏེ། ལས་ཀ་བྱེད་སྟངས་གསར་གཏོད་ཀྱིས་དུད་ཚང་དབུལ་པོའི་ནང་གནས་སྒུལ་ཤུགས་ཐབས་བརྒྱ་ཇུས་སྟོང་གིས་ཆེ་རུ་བཏང་སྟེ་མང་ཚོགས་དབུལ་པོ་ཁྱིམ་ནས་བྲལ་མི་དགོས་པ་དང་ཕ་ཡུལ་ནས་བྲལ་མི་དགོས་པར་ཐོན་ལས་འཕེལ་རྒྱས་མཉམ་འདྲེས་ནང་ཞུགས་ཐུབ་པ་བྱེད་དགོས།

    ཐོན་ལས་དབུལ་སྐྱོར་ལག་བསྟར་མགྱོགས་པོ་བྱེད་པ་དང་། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ། ཁྱད་ལྡན་ཐོན་ལས་ཡུལ་བབ་དང་བསྟུན་ནས་འཕེལ་རྒྱས་གཏོང་བ། ཞིང་ལས་འཕྲོད་སར་ཞིང་ལས་དང་། འབྲོག་ལས་འཕྲོད་སར་འབྲོག་ལས། ནགས་ལས་འཕྲོད་སར་ནགས་ལས། ཡུལ་སྐོར་འཕྲོད་སར་ཡུལ་སྐོར་བཅས་བྱས་ཏེ། གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་ཁྲོད་ལེགས་ཆ་དང་ཁྱད་ཆོས་མངོན་གསལ་དོད་པའི་དེང་རབས་ཐོན་ལས་ཀྱི་མ་ལག་ཅིག་ཧུར་ཐག་ཆགས་པ་བྱས་ནས་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆར་འགྱུར་བ་བྱེད་དགོས།

    ཐོན་ལས་དང་པོ་སྟོབས་ཆེར་གཏོང་རྒྱུའི་ཐད་ལེའུ་གསར་པ་རྩོམ་དགོས་ཤིང་། ནས་དང་། ཤ། འོ་མ་སོགས་ཀྱིས་གཙོས་པའི་ཞིང་འབྲོག་ཐོན་རྫས་ཀྱིས“འབོར་ཚད”ཀྱི་དགོས་མཁོ་ད་དུང་སྐོང་ཐུབ་ཀྱི་མེད་པས། མང་ཚོགས་ལ་གོ་སྐབས་དམ་འཛིན་བྱ་རྒྱུར་ཁྲིད་སྟོན་གྱིས་རང་འགུལ་ངང་མཉམ་འདྲེས་བྱེད་པ་དང་ལེགས་སྐྱེས་ཧུར་ཐག་ཕུལ་ནས་མུའུ་རེའི་ཐོན་ཚད་བྱ་སྤྱོད་ཀྱི་འཆར་གཞིའི་ནང་ནུས་ཤུགས་ཡོད་རྒུས་ཞུགས་པ་དང་། ཐོན་འཕར་འབབ་འཕར་ཡོང་རྒྱུ་བརྩོན་ལེན་གྱིས་ནས་ལ་ནུས་ལྡན་ངང་ཐོན་འཕར་ཡོང་རྒྱུར་བརྟེན་ནས་མང་ཚོགས་ལ་འབབ་འཕར་ནུས་ལྡན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།

    ཐོན་ལས་གཉིས་པ་སྟོབས་ཆེར་གཏོང་རྒྱུའི་ཐད་ཤུགས་རྒྱག་དགོས་ཤིང་། ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས་ཀྱིས་ལྗོངས་ཡོངས་ཀྱི་ཞིང་འབྲོག་ལས་ཀྱི་ཐོན་ཁུངས་དང་ཆ་རྐྱེན་ལ་གཞི་ཚུགས་པ་དང་། ཞིང་འབྲོག་ཐོན་རྫས་ཀྱི་ལས་སྣོན་ནུས་པ་དང་ཁྲོམ་རའི་འགྲན་རྩོད་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་ཐོན་ལས་ཅན་གྱི་གཉེར་སྐྱོང་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཁ་ཕྱོགས་གཙོ་བོར་བྱེད་པ། ཐོན་ཁུངས་བཀོད་སྒྲིག་བྱེད་པའི་ཁྲོད་ཀྱི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་བཅས་ཀྱི་ཐོག་ནས་གཞི་ཁྱོན་ཆེ་རུ་དང་། ལས་སྣོན་གཏིང་ཟབ། སྤུས་རྟགས་གཏོད་པ་བཅས་བྱེད་དགོས།

    ཐོན་ལས་གསུམ་པ་ཚད་བརྒལ་ཡོང་བ་བྱེད་དགོས་ཤིང་། རང་ལྗོངས་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། གྲོང་གསེབ་ཀྱི་སྣོད་བཅུད་ཡུལ་སྐོར་དང་། ཡུལ་སྐོར་ལྟ་སྐོར། རིག་གནས་སློབ་གསོའི་རིན་ཐང་བཅས་སྔོག་འདོན་བྱེད་པ་དང་། ཞིང་ལས་དང་། ནགས་ལས། འབྲོག་ལས། ཉ་ལས་བཅས་ཡུལ་སྐོར་དང་། སློབ་གསོ། རིག་གནས། བདེ་ཐང་། རྒན་གསོ་སོགས་ཐོན་ལས་དང་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས་སྣོད་བཅུད་ཡུལ་སྐོར་དང་། གྲོང་གསེབ་ཡུལ་སྐོར། ལྟ་སྐོར་ཡུལ་སྐོར། སྤྲོ་གསེང་ཡུལ་སྐོར། ཞིང་ལས་མྱོང་རོལ་སོགས་ལས་རིགས་ཀྱི་ཐོན་རྫས་འབོར་ཆེན་ཞིག་སྐྱེད་སྲིང་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།