[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བྱེད་སྒོ་གཞི་རིམ་དང་མང་ཚོཌ་ཀྱི་ཁྲོད་དུ་གཏིང་ཟབ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཚེ་རིང་དཔལ་སྒྲོན།    |    སྤེལ་དུས།   2017-08-11

    འདི་ལོ་ནས་བཟུང་། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)ཁག་ཏུ་ཚ་ཚ་འུར་འུར་ངང་སྤེལ་ཡོད། འོན་ཀྱང་ས་ཆ་ཁག་གཅིག་ཏུ་བྱེད་སྒོ་དེ་གཞི་རིམ་དང་མང་ཚོགས་ཀྱི་ཁྲོད་དུ་ཁྲལ་སེལ་སླ་བཅོས་ངང་སྤེལ་བའི་སྣང་ཚུལ་ཐོན་ཡོད། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བྱེད་སྒོ་མང་ཚོགས་དང་ཞིང་འབྲོག་ཁུལ་དུ་སྤེལ་ནས་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཇི་ལྟར་ཐོན་པར་བྱ་རྒྱུ་ནི་བྱེད་སྒོ་སྒྲིག་འཛུགས་བྱེད་མཁན་གྱིས་གཟབ་ནན་ངང་ཐག་གཅོད་བྱེད་དགོས་པའི་གནད་དོན་ཞིག་རེད།

    རང་ལྗོངས་ཀྱི་ཞིང་འབྲོག་པའི་མི་འབོར་ཅུང་མང་བ་དང་། སྡོད་གནས་གཅིག་སྡུད་མེད་པ། ངལ་གསོ་དང་ལས་ཀའི་དུས་ཚོད་གཅིག་གྱུར་མེད། སྨྱུག་འཛིན་པས་ཞིང་འབྲོག་ཁུལ་དུ་བསམ་བློའི་སློབ་གསོ་ཡག་པོ་གཏོང་ཐུབ་ན་གཞི་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་མང་ཚོགས་ཀྱི་ཁྲོད་དང་གཞི་རིམ་དུ་གཏིང་ཟབ་སྤེལ་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད།

    གཅིག་ནས་གཞི་རིམ་ཏང་ཨུད་དང་། གྲོང་ཚོ་ཨུ་ལྷན། མངགས་གཏོང་ཁང་སོགས་སྡེ་ཚན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། གྲོང་ཚོ“ཨུ་ལྷན་གཉིས”ཚན་ཁག་དང་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་དང་ལེན་ཧུར་ཐག་ཞུས་ནས་རང་ངོས་སྡེ་ཚན་གྱི་བྱེད་སྒོ་བརྒྱུད་གྲོང་མིའི་རང་རྟོགས་ཀྱི་བསམ་པ་ཆེ་རུ་གཏོང་བར་སྣེ་ཁྲིད་དང་། ཁ་ཁུ་སིམ་པོའི་སྒོ་ནས་ཁྱབ་གདལ་དང་མིག་དཔེའི་ནུས་པ་སླར་ཡང་བཏོན་ཏེ་ཏང་ཡོན་ཚང་མ་སྒྲིག་འཛུགས་ཧུར་ཐག་བྱས་ནས་བསམ་བློའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཧུར་ཐག་སྤེལ་དགོས།

    གཉིས་ནས་སྒྲོག་འགྲེལ་བྱེད་སྐབས་རྣམ་འགྱུར་ཡག་པོ་དགོས། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོས་ཞིང་འབྲོག་པ་གཙོ་གནད་དུ་བྱས་ནས་རང་ལྗོངས་ཀྱི་ཞིང་འབྲོག་པའི་རིག་གནས་ཀྱི་ཆུ་ཚད་ཅུང་དམའ་བ་དང་རང་ངོས་འཆུན་འདོམས་ཀྱི་ནུས་པ་ཞན་པར་བརྟེན་སྒྲོག་འགྲེལ་བྱེད་སྒོ་སྤེལ་རིང་བྱེད་སྒོ་སྒྲིག་འཛུགས་བྱེད་མཁན་ཚང་མས་དྲོ་སྐྱིད་སྦྱིན་པའི་རྣམ་འགྱུར་ལ་བརྟེན་ནས་སྒྲོག་འགྲེལ་གྱི་བྱེད་སྒོ་གཏིང་ཟབ་ངང་སྤེལ་རྒྱུར་སྔར་བས་སྐུལ་མ་གཏོང་བ་དང“སྣང་ཆེན་བཞི་དང་དགའ་ཞེན་བཞིར”བརྟེན་ནས་ཞིང་འབྲོག་པའི་དབར་མཐུན་སྒྲིལ་དང་ཤེས་དཔལ་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་ཁྱིམ་ཚང་དང་ཐ་ན་སྤྱི་ཚོགས་ཧྲིལ་པོ་མཐུན་སྒྲིལ་དང་ཤེས་དཔལ་ལྡན་པར་ཁྲིད་སྟོན་བྱེད་དགོས།

    གསུམ་ནས་ཕྱོགས་ཡོངས་དང་ལས་སྟེགས་མང་པོ་སྤྱད་ནས་དུས་ཡུན་རིང་པོ་དང་ཁྱབ་ཁོངས་མང་པོར“སྣང་ཆེན་བཞི་དང་དགའ་ཞེན་བཞི”མི་སེམས་སུ་ཟུག་པར་བྱེད་དགོས། མིག་སྔར་ཞིང་དལ་གྱི་དུས་ཚིགས་ཡིན་པས་ཞིང་འབྲོག་པར་ངལ་གསོའི་དུས་ཚོད་ཅུང་མང་ཙམ་ཡོད། སྒྲོག་འགྲེལ་བྱེད་སྒོ་དུས་ཡུན་རིང་པོ་དང་། མཚོན་རྟགས་མང་བ། ལས་སྟེགས་མང་བ་བཅས་ཀྱི་སྒོ་ནས་སྤེལ་ཏེ་སྟོབས་ཤུགས་འདོན་སྤེལ་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།