[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • གྲོང་གསེབ་ཀྱི་དགེ་རྒན་གནས་ཐུབ་པ་བྱེད་པ་ནི་འགག་རྩ་ཡིན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ​ སུན་ཝུན་ཅོན་གྱིས།    |    སྤེལ་དུས།   2017-09-13

    རང་ལྗོངས་འདི་ཉིད་མཐའ་མཚམས་ཀྱི་གྲངས་ཉུང་མི་རིགས་ས་ཁུལ་ཡིན་པས་སློབ་གསོའི་ཆུ་ཚད་སྤྱིར་ན་རྗེས་ལུས་ཐེབས་ཡོད་ལ་གྲོང་གསེབ་ཀྱི་སློབ་གསོ་དེ་བས་ཉམས་ཞན་ཡིན། ཉེ་བའི་ལོ་ཤས་རིང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གྲོང་གསེབ་ཀྱི་སློབ་གསོ་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་ནས་གྲོང་གསེབ་དགེ་རྒན་གྱི་རྒྱབ་སྐྱོར་འཆར་གཞི་དང་། ལོ་12་འོས་འགན་སློབ་གསོ། “འགན་ལེན་གསུམ”གྱི་སྲིད་ཇུས་སོགས་བཟོས་ཡོད་མོད། འོན་ཀྱང་རིན་ཐང་ལྟ་བ་རིམ་བཞིན་དངོས་པོ་ཅན་དུ་འགྱུར་བའི་དེ་རིང་ཞིང་འབྲོག་ཁུལ་ཁག་གཅིག་ས་བབ་མཐོ་བ་དང་རང་བྱུང་ཆ་རྐྱེན་ཞན་པ་སོགས་ཀྱིས་རྐྱེན་པས་མི་མང་པོ་ཞིག་གྲོང་གསེབ་ཏུ་དགེ་རྒན་བྱེད་པར་འགྲོ་འདོད་བྱེད་ཀྱི་མེད། དུས་མཚུངས་རང་ལྗོངས་ཀྱི་མང་ཚོགས་ཀྱི་སློབ་གསོའི་འདུ་ཤེས་རྗེས་ལུས་ཐེབས་པ་དང་སློབ་གྲྭར་ཞུགས་ཚད་དམའ་བས་གྲོང་གསེབ་དགེ་རྒན་གྱིས་སྲོལ་རྒྱུན་གྱི་སློབ་ཁྲིད་ལས་འགན་འཁུར་བ་མ་ཟད། ཁྱིམ་བདག་གི་འདུ་ཤེས་འགྱུར་ལྡོག་གཏོང་བ་དང་སློབ་མ་མི་ཤོར་བ་བྱེད་པ་སོགས་ཀྱི་ལས་འགན་དེ་བས་འཁུར་དགོས་ཀྱི་ཡོད་པས་ཁོང་ཚོའི་ལས་འགན་ཆེ་བ་དང་ལས་ཀའི་འགན་འཁྲི་ལྕི་བར་བརྟེན་གྲོང་གསེབ་ཀྱི་དགེ་རྒན་ཁག་གཅིག་ཤོར་གྱི་ཡོད། ཇི་ལྟར་བྱས་ནས་གྲོང་གསེབ་དགེ་རྒན་གནས་ཐུབ་པ་བྱེད་པ་ནི་དཀའ་གནད་ཆེན་པོ་ཞིག་ཏུ་གྱུར་ཡོད།

    སྨྱུག་འཛིན་པས་གྲོང་གསེབ་ཀྱི་དགེ་རྒན་གནས་ཐུབ་པ་བྱེད་པར་དང་ཐོག་གྲོང་གསེབ་ཀྱི་སློབ་ཁྲིད་ཁོར་ཡུག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། དགེ་རྒན་གྱིས་དཔེ་ཁྲིད་མི་སྐྱོང་བྱེད་པ་ནི་རང་འགན་རྩོད་མེད་ཞིག་ཡིན་པ་དང་སློབ་ཁྲིད་ཁོར་ཡུག་ཡག་པོ་ནི་སློབ་ཁྲིད་འགན་ལེན་བྱེད་པའི་རྨང་གཞི་ཞིག་ཡིན། དགེ་རྒན་ཞིག་གིས་སློབ་ཁྲིད་བྱེད་པ་དང་དུས་མཚུངས་སུ་བཟའ་བཏུང་དང་། སྡོད་གནས་སོགས་ཀྱི་གཞི་རྩའི་རྒྱུ་རྐྱེན་ལ་བསམ་བློ་གཏོང་དགོས་ཚེ་བློ་བདེའི་ངང་སློབ་ཁྲིད་བྱེད་ག་ལ་ཐུབ་ལ་མི་སེམས་འགུག་ག་ལ་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད།

    གྲོང་གསེབ་དགེ་རྒན་གནས་ཐུབ་པ་བྱེད་པར་དཔལ་འབྱོར་ཡོང་འབབ་ནི་གཡོལ་ཐབས་མེད་པའི་གླེང་གཞི་ཞིག་རེད། དེང་སྐབས་སྤྱི་ཚོགས་ཀྱི་ཤུགས་རྐྱེན་འོག་ཡོང་འབབ་ནི་མི་གཅིག་གི་གནས་བབ་དང་ནུས་པ་བསྡུར་ཞིབ་བྱེད་པའི་དམིགས་ཚད་གལ་ཆེན་གྱི་གྲས་ཤིག་ཡིན། གྲོང་གསེབ་ཀྱི་འཚོ་བ་དང་སྡོད་གནས་ཆ་རྐྱེན་བལྟོས་བཅས་ཀྱིས་ཞན་པ་དང་དངོས་པོའི་ཆ་རྐྱེན་བལྟོས་བཅས་ཀྱིས་མི་འདང་བས་གྲོང་གསེབ་དགེ་རྒན་གྱི་ཡོང་འབབ་སྤྱིར་ན་གླ་ཕོགས་ལས་མེད་པ་དང་རང་ཉིད་ཀྱིས་འབད་བརྩོན་བྱས་པ་དང་བསྡུར་ཚེ་གྲོང་གསེབ་དགེ་རྒན་གྱི་ཡོང་འབབ་བལྟོས་བཅས་ཀྱིས་དམའ་པོ་ཡིན། དེར་བརྟེན་རང་བྱུང་ཁོར་ཡུག་འགྱུར་ལྡོག་གཏོང་ཐབས་བྲལ་བའི་ཆ་རྐྱེན་འོག་དཔལ་འབྱོར་ཡོང་འབབ་ཆེས་མང་དུ་གཏོང་བ་དང་། ཁ་གསབ་ལམ་སྲོལ་བཟོ་བ་དང་འཐུས་ཚང་དུ་གཏོང་བ། ལས་ཀའི་གོ་མིང་དཔྱད་བསྡུར་གཏན་འབེབས་སོགས་ཡོང་འབབ་དང་འབྲེལ་བའི་གནད་དོན་ཐད་གཟིགས་སྐྱོང་དང་རྒྱབ་སྐྱོར་བྱེད་པ་ནི་གྲོང་གསེབ་དགེ་རྒན་གནས་ཐུབ་པ་བྱེད་པའི་རྨང་གཞིའི་ཆ་རྐྱེན་གྱི་གྲས་ཤིག་ཡིན།

    ཉེ་བའི་ལོ་ཤས་རིང་སྤྱི་ཚོགས་ཀྱི་བསམ་པའི་རླབས་རྒྱུན་ཐོན་ནས་གྲོང་གསེབ་དགེ་རྒན་གྱི“ཤེས་ཡོན་ཅན”གྱི་མཚོན་བྱེད་དང་སྤྱི་ཚོགས་ཀྱི་ཐོབ་ཐང་དང་གནས་བབ་ཐད་ཕོག་ཐུག་བྱུང་ཡོད། དེར་བརྟེན་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཧུར་ཐག་གཏོད་པ་དང་བྱ་ཐབས་སྣ་ཚོགས་ཀྱི་ཐོག་ནས་དགེ་བཀུར་སློབ་བརྩིའི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་དང་གྲོང་གསེབ་དགེ་རྒན་གྱི་གནས་བབ་དང་ཐོབ་ཐང་ངོས་འཛིན་བྱེད་ཚད་མཐོ་རུ་བཏང་ནས་མི་རྣམས་ཀྱིས་གྲོང་གསེབ་དགེ་རྒན་བརྩི་འཇོག་བྱེད་པའི་ལས་གནས་སུ་འགྱུར་བ་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།