[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • བྱ་ཐབས་གསར་གཏོད་ཀྱིས་གཞི་རིམ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ​ མའེ་ཀྲེང་ཝུའེ་ཡིས།    |    སྤེལ་དུས།   2017-10-09

    “ཏང་ཨུད་ཀྱིས་ཏང་གིས་ཏང་ལ་དོ་དམ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་བྱེད་པོའི་འགན་འཁྲི་ཏན་ཏིག་འཁུར་བ་དང་། ཐོག་མཐའ་བར་གསུམ་དུ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། དོ་དམ་ནན་པོ་བྱེད་པ་དང་། དོ་དམ་ནན་པོ་བྱེད་ཕོད་པ། དོ་དམ་ཡུན་རིང་བྱེད་པ”བཅས་བྱེད་དགོས། དེ་ནི་ཉིང་ཁྲི་གྲོང་ཁྱེར་གྱིས་ཐབས་ཤེས་དང་བྱ་ཐབས་གསར་གཏོད་ཀྱིས་ཏང་འཛུགས་སྐྱོང་ལས་དོན་གཏིང་ཟབ་ཏུ་གཏོང་བའི་བྱ་ཐབས་གསར་པའི་ཁྱད་ཆོས་དང་བཀྲག་མདངས་འཚེར་ས་ཆེ་ཤོས་ཡིན་པ་རེད། སྨྱུག་འཛིན་པའི་ངོས་འཛིན་ལྟར་ན། དེང་གི་དུས་སྐབས་གསར་པའི་ཏང་རྩ་འཛུགས་འཛུགས་སྐྱོང་ཁྲོད་དུས་བབ་གསར་པ་དང་ལས་འགན་གསར་པས་བཏོན་པའི་བླང་བྱ་གསར་པ་ལྟར་གཞི་རིམ་ཏང་ཀྲི་པུས་གཤམ་གྱི་གནད་དོན་གཉིས་ནས་འགོ་བརྩམས་ཏེ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཏང་འཛུགས་སྐྱོང་ལས་ཀའི་སྤུས་ཚད་མཐོ་རུ་གཏོང་རྒྱུར་རྨང་གཞི་ཡག་པོ་འདིང་དགོས་པ་སྟེ།

    གཞི་རིམ་ཏང་ཀྲི་པུའི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་ལ་དམ་འཛིན་ཡག་པོ་བྱེད་དགོས་ཤིང་། གཞི་རིམ་ཚན་པའི་ལས་ཀའི་ཁྱད་ཆོས་དང་དོན་དངོས་དང་ཟུང་འབྲེལ་གྱིས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་འཆར་གཞི་ཡོད་པ་དང་དམིགས་ཡུལ་ཡོད་པའི་སློབ་སྦྱོང་བྱེད་སྒོ་སྤེལ་ཏེ། ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་སྦྱངས་ན་ཤེས་རྒྱུ་ཡོད་པ་དང་། སློབ་སྦྱོང་བྱེད་འདོད་ཡོད་པ་བྱས་ནས་རྒྱུན་ཆད་མེད་པར་ཏང་ཡོན་དཔུང་ཁག་གི་བྱང་ཚད་མཐོ་རུ་གཏོང་དགོས།

    གཞི་རིམ་ཏང་ཀྲི་པུའི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་མ་ཟད། ད་དུང་ཏང་དོན་ལས་བྱེད་དཔུང་ཁག་འཛུགས་སྐྱོང་ལ་དམ་འཛིན་བྱེད་དགོས་ཤིང་། ཏང་དོན་ལས་བྱེད་པས་རང་ཉིད་ཀྱི་དཔེ་སྟོན་བྱ་སྤྱོད་དང་མི་གཤིས་བཟང་པོར་བརྟེན་ནས་གཟུགས་བརྙན་བཟང་པོ་གཏོད་པ་དང་། ལས་ཀར་དུས་བསྟུན་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། གོང་རིམ་ཏང་རྩ་འཛུགས་ཀྱིས་གཞི་རིམ་གྱི་ལས་ཀར་ཡང་ཡིད་ཆེས་གང་ཆེ་དང་རྒྱབ་སྐྱོར་ཧུར་ཐག་བྱེད་པ། ཏང་དོན་ལས་དོན་པའི་ཐོབ་ཐང་ལེགས་སུ་ཧུར་ཐག་གཏོང་བ། ཏང་དོན་ལས་དོན་པའི་གནས་བབ་མཐོ་རུ་གཏོང་བ་བཅས་བྱས་ཏེ་བཀོད་འདོམས་གཅིག་གྱུར་དང་། བསམ་ཕྱོགས་གཅིག་སྒྲིལ། འགན་འཁྲི་མཉམ་འཁུར་བཅས་བྱེད་ཐུབ་པ་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།