[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཞན་ཆ་གསབ་ཚེ་གཞི་ནས་དོན་དམ་པའི་དབུལ་སྐྱོར་བྱེད་ཐུབ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ​ སུན་ཝུན་ཅོན།    |    སྤེལ་དུས།   2017-10-11

    རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དབུལ་སྒྲོལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བས་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། དེ་དང་ཆབས་ཅིག་ང་ཚོས་དབུལ་སྐྱོར་གྱི་ཞན་ཆ་ཁག་གཅིག་སྔར་བཞིན་མཐོང་ཐུབ་པ་བྱེད་དགོས། དཔེར་ན་དབུལ་སྐྱོར་སྟོབས་ཤུགས་དང་དབུལ་སྐྱོར་མ་དངུལ་ཐར་ཐོར་དོ་སྙོམས་མེད་པ་དང་དུད་ཚང་དབུལ་པོའི“རང་བརྟེན”ནུས་པ་ཞན་པ་སོགས་ཀྱི་གནད་དོན་འཕྲལ་མར་ཐག་གཅོད་བྱེད་དགོས།

    འཕེལ་རྒྱས་ཀྱི་ཞན་ཆ་གསབ་སྟེ་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཇི་ལྟར་ལེན་མིན་ཐད་སྨྱུག་འཛིན་པས་གཤམ་གསལ་གྱི་ཕྱོགས་འགའི་ལས་དོན་ཡག་པོ་སྒྲུབ་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད་དེ།

    གཅིག་ནས་དབུལ་སྐྱོར་གྱི་མཉམ་ལས་ཡག་པོ་བྱེད་དགོས། གནད་སྨིན་དབུལ་སྐྱོར་ནི་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་ཡིན་པ་དང་དེ་ཁྱབ་ཁོངས་ཁག་དང་བརྒྱུད་རིམ་ཁག་དང་འབྲེལ་བ་ཡོད། འབྲེལ་ཡོད་སྡེ་ཚན་ཁག་གིས་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ་རང་རྟོགས་ངང་དབུལ་སྒྲོལ་འགག་སྒྲོལ་གྱི་འགན་འཁྲིར་དམ་འཛིན་བྱེད་པ་དང་ཕྲག་ཐོག་ཏུ་འཁུར་ནས་དངོས་འབྲེལ་དབུལ་པོ་ཡིན་པ་མཐོང་བ་དང་། དངོས་འབྲེལ་དབུལ་པོ་ཡིན་པར་དབུལ་སྐྱོར་བྱེད་པ། དབུལ་སྐྱོར་དངོས་འབྲེལ་བྱེད་པ་བཅས་བྱེད་དགོས། ཁེ་ལས(བྱ་གཞག)ཚན་པ་དང་། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས། དབུལ་སྐྱོར་བྱ་ཡུལ་བཅས་ཀྱི་དབར་མཉམ་ལས་ཧུར་ཐག་བྱས་ཏེ་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས་པ་དང་།

    གཉིས་ནས་འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་པོ་བཙུགས་ནས“རང་བརྟེན”ནུས་པ་ཆེ་རུ་གཏོང་དགོས། དབུལ་སྐྱོར་ནི་དངོས་པོ་དང་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཁོ་ན་ཙམ་མིན་པར་དེ་ལས་གལ་འགངས་ཆེ་བ་ཞིག་ནི་རྒྱུན་ཆད་མེད་པར་འབད་བརྩོན་དང་། ཐབས་ལམ་འཚོལ་བ། དབུལ་སྒྲོལ་ཕྱུག་འགྱུར་བཅས་ཀྱི་རང་ངོས་ཀྱི་བློ་ཁོག་དང་ཆོད་སེམས་ཆེ་རུ་གཏོང་རྒྱུ་དེ་རེད། དབུལ་སྐྱོར་བྱེད་པར་སྔོན་ལ་ཡིད་ཆེས་བརྟན་དུ་གཏོང་དགོས། ཕྱུག་འགྱུར་སྣེ་ཁྲིད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། རྒྱ་ཆེའི་ཞིང་འབྲོག་པའི་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཡིད་ཆེས་ཆེ་རུ་གཏོང་བ། “སྒུག་བརྟེན་སློང”གསུམ་གྱི་བསམ་བློའི་འཆིང་རྒྱ་ལས་སྒྲོལ་བ། “རང་བརྟེན”ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་བསམ་བློའི་ཐོག་ནས་དབུལ་སྒྲོལ་ཐུབ་པ་བྱེད་དགོས་པ།

    གསུམ་ནས་ས་ཁོངས་ཀྱི་ལེགས་ཆ་འདོན་སྤེལ་གྱིས་གནད་སྨིན་ངང་ཇུས་འདོན་དགོས། དབུལ་སྐྱོར་གྱི་ཞན་ཆ་གསབ་པ་དེ་ནི་ཞན་ཆ་ཁོ་ན་གསབ་པ་ཙམ་མ་ཡིན་པར་ལེགས་ཆ་འདོན་སྤེལ་བྱ་རྒྱུ་དེ་ཡང་ཞན་ཆ་གསབ་པའི་འདུ་ཤེས་ཤིག་རེད། དབུལ་པོའི་རྫོང་དང་དུད་ཚང་དབུལ་པོ་ཁག་གིས་གྲོང་གསེབ་ཀྱི་ཡུལ་སྐོར་དང་། ཁྱད་ལྡན་ཐོན་རྫས་ལས་སྣོན། མི་རིགས་ལག་ཤེས་བཟོ་རྩལ་སོགས་རང་ཉིད་ཀྱི་ལེགས་ཆ་གཞིར་བཟུང་ཡུལ་དེའི་ཁྱད་ལྡན་ཐོན་ཁུངས་ལ་གཞི་ཚུགས་ནས་ལེགས་ཆ་དེ་བས་འདོན་སྤེལ་གྱིས་མང་ཚོགས་དབུལ་པོ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱེད་དགོས་པ་བཅས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།