[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • མིའི་རིགས་ཀྱི་ཆེད་དུ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་ཧུར་ཐག་འབུལ་དགོས།

    —— ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུའི་སྐོར་གྱི་གླེང་ཐེངས་བརྒྱད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།   མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |    སྤེལ་དུས།   2017-11-12

    ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་གོའི་མི་དམངས་ཀྱི་ཆེད་དུ་བདེ་སྐྱིད་དོན་གཉེར་བྱེད་མཁན་གྱི་སྲིད་ཏང་ཞིག་རེད་ལ། མིའི་རིགས་ཀྱི་ཡར་ཐོན་བྱ་གཞག་ཆེད་འབད་འཐབ་བྱེད་མཁན་གྱི་སྲིད་ཏང་ཞིག་ཀྱང་རེད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་པ་གསར་པས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་སྣེ་ཁྲིད་བྱས་པ་མ་ཟད། མིའི་རིགས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་ཕུལ་ཡོད། 

    “རང་རྒྱལ་འདི་ཉིད་འཛམ་གླིང་གི་གར་སྟེགས་ཐོག་བསྐྱོད་ནས་མིའི་རིགས་ཀྱི་ཆེད་རྒྱུན་ཆད་མེད་པར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ”དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་བསྐྱོད་པའི་མཚོན་རྟགས་གལ་ཆེན་ཞིག་ཏུ་བརྩི་བ་དང“རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ”དེ་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་སྤྱིའི་དམིགས་ཚད་དུ་གཏན་འཁེལ་བྱས་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པས་ཀྲུང་གོ་དང་འཛམ་གླིང་གི་འབྲེལ་མཚམས་སུ་ལངས་ནས་རྒྱལ་སྤྱི་རྒྱལ་ནང་གི་སྤྱི་ཡོངས་གཉིས་སྤྱི་འདོམས་དང་། འཕེལ་རྒྱས་དང་བདེ་འཇགས་ཀྱི་དོན་ཆེན་གཉིས་སྤྱི་འདོམས་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོའི་ཕྱི་འབྲེལ་ཐད་བཀོད་སྒྲིག་གལ་ཆེན་བྱས་པ་དེ་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་མིའི་རྒྱལ་སྤྱིའི་མིག་རྒྱང་དང་གནམ་འོག་གི་བརྩེ་སེམས་མངོན་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་དགོས་ན།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་མིའི་རིགས་ཀྱི་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་དེ་རང་ཉིད་ཀྱི་འགན་འཁྲིར་བརྩི་བ་དང་ཀྲུང་གོ་མི་དམངས་ཀྱི་ཕུགས་འདུན་དང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཕུགས་འདུན་ཕན་ཚུན་སྦྲེལ་མཐུད་ཐུབ་པ་བྱས་ཏེ་རྒྱུན་ཆད་མེད་པར་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་རྣམ་པ་གསར་པ་གཏོད་དགོས།

    ད་ཆ་འཛམ་གླིང་འཕེལ་རྒྱས་ཆེན་པོ་དང་། འཕོ་འགྱུར་ཆེན་པོ། ལེགས་སྒྲིག་ཆེན་པོ་བཅས་ཀྱི་དུས་སྐབས་སུ་གནས་ཡོད་པ་དང་ཞི་བདེ་དང་འཕེལ་རྒྱས་ནི་སྔར་བཞིན་དུས་རབས་ཀྱི་བརྗོད་དོན་གཙོ་བོ་རེད། མིའི་རིགས་ཀྱི་ཆེད་དུ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ན། རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པའི་ནང་དོན་གསར་པ་སྟངས་འཛིན་བྱེད་དགོས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་རྒྱལ་སྤྱིའི་འབྲེལ་བ་གསར་པའི་ནང་དོན་དེ“མཉམ་ལས་གཉིས་ཕན་ལྟེ་བར་བྱེད་པ”དེ“ཕན་ཚུན་བརྩི་འཇོག་དང་། གཞུང་དྲང་དྲང་བདེན། མཉམ་ལས་གཉིས་ཕན”བཅས་སུ་འགྱུར་བ་དེ་དུས་རབས་གསར་པའི་ཀྲུང་གོའི་ཕྱི་འབྲེལ་བསམ་བློ་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་ཕྱིན་པ་ཞིག་རེད་ལ། འབྱུང་འགྱུར་འཛམ་གླིང་གི་སྒྲིག་ལམ་ཁ་ཕྱོགས་ལ་ཆོད་འདོམས་གལ་ཆེན་བྱས་པ་ཞིག་ཀྱང་རེད། 

    ཀྲུང་གོ་མི་དམངས་ཀྱི་ཕུགས་འདུན་དེ་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཕུགས་འདུན་དང་དམ་པོར་འབྲེལ་ཡོད་པ་དང་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུ་དེ་ཞི་བདེའི་རྒྱལ་སྤྱིའི་ཁོར་ཡུག་དང་བརྟན་ལྷིང་གི་རྒྱལ་སྤྱིའི་སྒྲིག་ལམ་དང་ཁ་འབྲལ་ཐབས་མེད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་ང་ཚོས་ཐོག་མཐའ་བར་གསུམ་དུ་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་པ་དང་གཉིས་ཁེ་གཉིས་ཕན་གྱི་སྒོ་དབྱེའི་འཐབ་ཇུས་ལག་བསྟར་བྱས་ཏེ་ཡང་དག་པའི་དྲང་བདེན་དང་ཁེ་ཕན་གྱི་ལྟ་བ་མཐའ་འཁྱོངས་བྱེད་པ་དང་། ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་འཕེལ་རྒྱས་བཅས་ཀྱི་བདེ་འཇགས་ལྟ་བ་གསར་པ་འཛུགས་པ། སྒོ་འབྱེད་གསར་གཏོད་དང་བསྟུན་མཁས་གཉིས་ཕན་གྱི་འཕེལ་རྒྱས་མདུན་ལམ་དོན་གཉེར། འཆམ་མཐུན་ཡིན་ལ་མི་འདྲ་བ་དང་མཉམ་སྡུད་མཉམ་གསོག་གི་ཤེས་དཔལ་སྤེལ་རེས་ལ་སྐུལ་འདེད་གཏོང་བ། རང་བྱུང་ཁམས་ལ་བརྩི་འཇོག་དང་ལྗང་མདོག་འཕེལ་རྒྱས་ཀྱི་སྣོད་བཅུད་མ་ལག་བསྐྲུན་པ་བཅས་བྱས་ཏེ་རང་རྒྱལ་གྱི་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ནུས་དང་། ཡིད་དབང་འགུགས་ཤུགས། གསར་གཏོད་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་འཛམ་གླིང་གི་ཞི་བདེ་བསྐྲུན་མཁན་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་མཁན་བཅས་སུ་འགྱུར་བ་བྱེད་དགོས། 

    འཛམ་གླིང་གི་ལས་དབང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ལག་ཏུ་ཡོད། མིའི་རིགས་ཀྱི་མདུན་ལམ་དེ་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་གདམ་གར་ཐུག་ཡོད། དུས་རབས་གསར་པར་སླེབས་པའི་ཀྲུང་གོས་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་མཐའ་འཁྱོངས་བྱེད་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ལ་སྐུལ་འདེད་གཏོང་བ། མདུན་ལམ་གསར་པ་མངོན་པ་དང་རྣམ་པ་གསར་པ་འཕྱུར་བ་བཅས་བྱས་ནས་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་མིའི་རིགས་ལ་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསྐྲུན་དགོས། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།