[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • གནའ་བོའི་གྲོང་ཚོ་འཕེལ་རྒྱས་གཏོང་བར་ངེས་པར་དུ་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ལུའུ་ལི་ཅོན་གྱིས།    |    སྤེལ་དུས།   2017-12-06

    ད་ཆ་གྲོང་གསེབ་ཏུ་ཡུལ་སྐོར་དང་སྤྲོ་གསེང་ལ་སྐྱོད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། གང་ལགས་ཤེ་ན། གྲོང་གསེབ་ཏུ་ཞིང་ཁ་འདེབས་པ་དང་། ཤིང་ཏོག་འཐུ་བ། ཞིང་དུད་སྤྲོ་སྐྱིད་ཁང་བཅས་ཀྱི་སྤྲོ་སྣང་ཉམས་སུ་མྱོང་ཐུབ་པས་རེད། ཕ་ཡུལ་གྱི་དྲི་བསུང་དང་རབ་ཏུ་སྨིན་པའི་ཤིང་འབྲས་ལས། ལོ་མང་ཨར་འདམ་ལྕགས་རྩིབས་མའི་སྡོད་ཁང་ནང་འཚོ་བ་སྐྱེལ་མཁན་གྱི་གྲོང་ཁྱེར་བ་རྣམས་རང་བྱུང་ཁམས་ཆེ་མོའི་པང་དུ་ལོག་འདོད་ཆེན་པོ་བྱེད་ཀྱི་ཡོད། སྤྲོ་གསེང་དང་རོལ་རྩེད་ཀྱི་ཁོར་ཡུག་ཕུད་གནའ་བོའི་གྲོང་ཚོའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་ཤིན་ཏུ་ཟབ་པ་དང་། དེ་གར་ནི་གནའ་བོའི་གྲོང་ཚོའི་རྩ་བ་གནས་ས་ཞིག་རེད། དེའང་། གནའ་བོའི་གྲོང་ཚོ་གཏོད་པར་ངེས་པར་དུ་སྣོད་བཅུད་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱེད་དགོས་ལུགས་སྨྱུག་འཛིན་པར་ངོས་འཛིན་ཟབ་མོ་བྱུང་།

    སྒྲིག་ཆས་སྐྲུན་སྐབས། ངེས་པར་དུ་མི་ཐབས་ཀྱི་ཐེ་ཇུས་ཉུང་ཙམ་བྱས་ཏེ། ཡུལ་དེ་གའི་ཐུན་མིན་གྱི་ཁྱད་ཆོས་རང་སོར་འཇོག་པ་དང་། གདོད་མའི་སྣོད་བཅུད་ཀྱི་ཉམས་མངོན་པ། ཁོར་ཡུག་སྲུང་སྐྱོང་གི་ཐཱན་ཉུང་རྒྱུ་ཆ་གང་ལེགས་སྤྱད་དེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལག་རྩལ་གང་ལེགས་སྤྱོད་དགོས། རྒྱུན་འཁྱོངས་གསུམ་བྱེད་དགོས་པ་སྟེ། གདོད་མའི་སྣོད་བཅུད་ཡུལ་ལྗོངས་རྒྱུན་འཁྱོངས་བྱེད་པ་དང་། གྲོང་གསེབ་ཀྱི་ཡུལ་སྲོལ་གོམས་གཤིས་ངོ་མ་རྒྱུན་འཁྱོངས་བྱེད་པ། ནང་དོན་ཇི་མ་ཇི་བཞིན་དང་གནའ་ཉམས་བབ་ཆགས་ཀྱི་འགྱུར་ལྡོག་ཆེ་བའི་ལོ་རྒྱུས་ཚོར་སེམས་རྒྱུན་འཁྱོངས་བྱེད་པ་བཅས་སོ།

    གནའ་བོའི་གྲོང་ཚོ་གཏོད་པའི་ཁྲོད་ངེས་པར་དུ་སྲུང་སྐྱོང་དང་འཕེལ་རྒྱས་གཉིས་དམིགས་ཚད་ལ་བརྩིས་ནས་སྲུང་སྐྱོང་ལ་བརྟེན་ནས་གྲོང་ཚོ་སྐྱོན་བྲལ་དང་ཞི་མཐུན་གྱི་ཚད་གཞིར་སླེབས་པ་བྱེད་དགོས་པ་དང་། སྲོལ་རྒྱུན་གྱི་ཉམས་འགྱུར་ལྡན་པ་དང་། སྐྱིད་སྣང་དོད་ལ་སྡོད་མལ་ལ་འཚམ་པ། གསོན་ཤུགས་ཀྱིས་ཁེངས་པ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཞི་མཐུན་བཅས་ཡོང་བ་བྱེད་དགོས། སྲོལ་རྒྱུན་གྲོང་ཚོ་དང་གྲོང་མི་དང། སྲོལ་རྒྱུན་རིག་གནས་བཅས་ལས་གནའ་ཉམས་མངོན་པར་བྱེད་པ་དང་། བསྐྱར་དར་ལ་བརྟེན་ནས་ན་གཞོན་གྲོང་གསེབ་ཏུ་ལོག་པ་དང་། བྱ་བྱིའུ་དང་དམངས་སྲོལ་གྲོང་གསེབ་ཏུ་སླར་ཡང་མངོན་པར་བྱེད་དགོས།

    སྲོལ་རྒྱུན་གྱི་གྲོང་ཚོ་བེད་སྤྱོད་བྱས་ན་གཏན་འཇགས་ཀྱི་ཚོང་ལས་བྱེད་སྟངས་ཤིག་ཆགས་ངེས་རེད། དེར་བརྟེན་ནང་དོན་ལྡན་པའི་རིག་གནས་ནི་འགག་རྩ་ཞིག་ཡིན་པས་ངེས་པར་དུ་ཐུན་མིན་གྱི་ཁྱད་ཆོས་མངོན་པར་བྱེད་དགོས། གཞན་ཡང་། སྲོལ་རྒྱུན་གྲོང་ཚོ་ཁྲོམ་རར་ཕྱོགས་སྐབས་འགག་རྩ་ནི་ཚོང་ལས་ཀྱི་འགྲན་རྩོད་རེད། ཚོང་ལས་ཀྱི་འགྲན་རྩོད་ལས་རྣམ་པར་རྒྱལ་བར་བྱེད་པར་གཙོ་བོ་ཐོན་ཁུངས་ལ་ཐུག་ཡོད། དཔེར་ན་ཧྭ་དབྱི་གློག་བརྙན་གྲོང་གིས་ཧྭ་དབྱི་གློག་བརྙན་ཀུང་སིའི་སྤུས་རྟགས་སྤྱོད་ཀྱི་ཡོད་དེ། དེའི་ནང་གི་གློག་བརྙན་འཁྲབ་ས་སྣ་ཚོགས་དང་དེ་བཞིན་གློག་བརྙན་འཁྲབ་སྐབས་བེད་སྤྱོད་པའི་འཁྲབ་ཆས་ལ་ལྟད་མོ་བ་མང་པོ་ཞིག་གིས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། དེ་ནི་ཐོན་ཁུངས་བེད་སྤྱོད་བྱས་པ་ཞིག་ཡིན་པ་སྨོས་མི་དགོས། གཉེར་སྐྱོང་གི་བརྒྱུད་རིམ་ཁྲོད་རིག་གནས་གསར་གཏོད་ཀྱི་ཐོན་ལས་གསར་སྤེལ་ལ་མཐོང་ཆེན་གྱིས་གྲོང་ཚོར་ནུས་པ་གསར་པ་བསྣན་དགོས་པ་སྟེ། དཔེར་ན། དངོས་ལྗོངས་ཟློས་གར་འཁྲབ་སྟོན་དང་འཚོ་བར་མྱོང་རོལ་སོགས་སོ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།