[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • གཞིས་རྩེའི་ཡུལ་སྐོར་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཝང་ཅེ་ཡིས།    |    སྤེལ་དུས།   2017-12-06

    2016ལོའི་ལོ་མཇུག་ཏུ་གཞིས་རྩེ་གྲོང་ཁྱེར་གྱིས་འཚོགས་པའི་ཐོན་ལས་འཕེལ་རྒྱས་ཀྱི་ཚོགས་ཆེན་ཐོག་ཇོ་མོ་གླང་མའི་ཁྱད་ལྡན་ཡུལ་སྐོར་ལས་རིགས་སྟོབས་ཆེར་གཏོང་དགོས་ཞེས་བཏོན་པ་དང་། དེས་གཞིས་རྩེའི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཆེན་པོའི་དུང་བརྡ་བསྒྲགས་པ་རེད།

    ལོ་གཅིག་ལྷག་རིང་གྲོང་ཁྱེར་ཡོངས་ཀྱིས་གཞིས་རྩེ་ཇོ་མོ་གླང་མའི་སྣོད་བཅུད་ཡུལ་སྐོར་རིག་གནས་ཁུལ་དུ་སྐྲུན་པའི་རང་སྐྱོང་ལྗོངས་ཀྱི་ངེས་གནས་ལ་དམིགས་ནས་གཞིས་རྩེའི་བརྗིད་ཉམས་ལྡན་ཤིང་མཛེས་སྡུག་ལྡན་པའི་རང་བྱུང་གི་ཡུལ་ལྗོངས་དང་རིག་གནས་ཀྱི་ཉམས་འགྱུར་ལ་བརྟེན་ནས་ཁྱད་ལྡན་དང་། རྩེར་སོན། སྤུས་ལེགས་བཅས་མཐའ་འཁྱོངས་བྱས་ཏེ“ཡུལ་སྐོར་ཕྱོགས་སྒྱུར་རིམ་སྤོར”གྱི་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་པ་དང་། ནུས་ཤུགས་ཡོད་རྒུས་གཞིས་རྩེ་འཛམ་གླིང་གི་རང་བྱུང་དང་རིག་གནས་ཡུལ་སྐོར་གྱི་དམིགས་ས་གལ་ཆེན་ཞིག་ཏུ་བསྐྲུན་པ་རེད།

    ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་ཀྲུང་གོའི་འཕེལ་རྒྱས་དུས་རབས་གསར་པ་ཞིག་ཏུ་སླེབས་ཡོད་པ་གསལ་པོ་བཏོན་ཡོད། དུས་རབས་གསར་པས་རྒྱང་སྐྱོད་ལམ་བུ་གསར་པའི་སྣེ་འཁྲིད་པ་དང་རྒྱང་སྐྱོད་ལམ་བུ་གསར་པར་འཕེལ་རྒྱས་གསར་པ་དགོས། གཞིས་རྩེས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། “སྲིད་གཞུང་གིས་གཙོ་ཁྲིད་དང་། ཁྲོམ་ར་ཞུགས་པ། སྤུས་རྟགས་ལེགས་གཏོང་། ཁེ་ལས་ཀྱིས་སྐུལ་འདེད”བཅས་རྩ་དོན་དུ་བྱས་ཏེ་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་དོ་དམ་ཞབས་ཞུར་མཐོང་ཆེན་གྱིས་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་དང་སྲོལ་རྒྱུན་རིག་གནས་བེད་སྤྱོད་ཟུང་འབྲེལ་བྱས་ཏེ་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་ཡུལ་སྐོར་དཔལ་འབྱོར་གྱི་ལེགས་ཆར་འཕེལ་རྒྱས་དང་། ཡུལ་སྐོར་ལས་རིགས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་འགྲོ་བའི་འཐབ་ཇུས་ཀྱི་འདེགས་སྐྱོར་ཐོན་ལས་སུ་འགྱུར་བར་སྐུལ་འདེད་བཏང་བ་རེད།

    གཞིས་རྩེ་གྲོང་ཁྱེར་གྱིས་ད་དུང་ཁྲོམ་རའི་རྩ་དོན་ལ་བརྩི་སྲུང་ཞུས་ནས་ཡུལ་སྐོར་གྱི་འགྲིམ་འགྲུལ་འཛུགས་སྐྲུན་དང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་ཟུང་འབྲེལ་དམ་ཟབ་བྱས་ནས་ཡུལ་སྐོར་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་འཛུགས་སྐྲུན་ཤུགས་ཆེན་བྱས་པ་དང་། ལངས་གཟུགས་ཀྱི་འགྲིམ་འགྲུལ་མ་ལག་བསྐྲུན་པ། ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་སྐྱོད་བདེ་པོ་ཡོང་བ་བཅས་བྱས་པས། གྲུབ་ཆ་ལུགས་མཐུན་དང་གཞུང་ལམ་ཤར་གཏོང་། སྐྱེལ་འདྲེན་བདེ་འཇགས་ལྡན་ལ་མྱུར་བའི་ཡུལ་སྐོར་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་ཅིག་རིམ་བཞིན་བསྐྲུན་རྒྱུ་ཡིན་ཞིང་། ལྕགས་ལམ་དང་གཞུང་ལམ་གཙོ་བོའི་འགྲུལ་སྐྱེལ་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ལྕགས་ལམ་དང་གཞུང་ལམ་མཉམ་འབྲེལ་སྐྱེལ་འདྲེན་དང་། ཆེད་སྤྱོད་གཞུང་ལམ་དང་གཞུང་ལམ་གཙོ་བོ་མཉམ་འབྲེལ། མཛེས་ལྗོངས་ཁུལ་གྱི་གཞུང་ལམ་སྣོལ་སྦྲེལ་དྲ་རྒྱ་བཅས་ཀྱི་མ་ལག་ཅིག་ཆགས་པར་བྱ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།