[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • གནས་སྤོས་བྱ་ཡུལ་མཛེས་པའི་ཁྱིམ་གཞིས་སུ་འགྱུར་བར་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཚེ་སྒྲོན་།    |    སྤེལ་དུས།   2018-01-12

    ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱེད་པ་ནི་ཞིང་འབྲོག་ཁུལ་གྱི་མང་ཚོགས་དབུལ་པོ་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་པའི་རྩ་བཅོས་བྱ་ཐབས་ཡིན་པ་དང་། སྡོད་སའི་ཁོར་ཡུག་བཟང་པོ་དང་ལས་གཏོད་དང་། ལས་ཞུགས། སློབ་ཞུགས། སྨན་བཅོས་ཁོར་ཡུག་བཅས་ཡག་པོ་མེད་ཚེ་རྒྱུན་གཏན་གྱི་འཚོ་བའང་ཐག་གཅོད་མི་ཐུབ་པས་དབུལ་སྒྲོལ་དང་ཕྱུག་འགྱུར་དེ་བས་གླེང་ཐབས་བྲལ། ཡུལ་གཞན་དུ་གནས་སྤོས་ལས་དོན་ཡག་པོར་སྒྲུབ་པའི་ཐད་སྨྱུག་འཛིན་པས་གཤམ་གསལ་གྱི་ལས་དོན་ཁག་ལེགས་སྒྲུབ་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།

    དང་པོ“སྤོ་ཐུབ་པ”ནི་སྔོན་འགྲོའི་ཆ་རྐྱེན་རེད། ཡུལ་གཞན་དུ་གནས་སྤོས་བྱེད་པར་སྤོ་འདོད་ཡོད་པ་ནི་སྔོན་འགྲོའི་ཆ་རྐྱེན་ཡིན་པས་དྲིལ་བསྒྲགས་རྒྱ་ཁྱབ་དང་སྐུལ་སློང་གཏིང་ཟབ་བྱེད་དགོས་ཤིང་། ལས་ཀའི་བྱེད་ཐབས་ལ་ཤུགས་སྣོན་བརྒྱབ་ནས་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་ཅི་འཕྲོས་མོལ་འཕྲོས་ནས་འགོ་བཙུགས་ཏེ་སྨན་བཅོས་དང་། སློབ་ཞུཌ། ལས་ཞུགས་སོགས་ཐད་ཀྱི་བསམ་བློའི་ལས་དོན་སྤེལ་བ་དང་འབྲེལ། སེམས་ནུས་ཡོད་རྒུས་མང་ཚོགས་ལ་བསམ་བློ་གཏོང་བ་དང་གནས་བབ་བརྗེས་ནས་བསམ་བློ་བཏང་སྟེ་མང་ཚོགས་ཀྱི་ཡིད་ཆེས་ཐོབ་ཐབས་བྱེད་དགོས།

    གཉིས་པ“གཞིས་ཆགས་ཐུབ་པ”ནི་བླང་བྱ་རེད། གནས་སྤོས་དུད་ཚང་ཡར་སྔོན་གྱི་གནས་ཡུལ་ནས་བཀོད་སྒྲིག་ས་ཚིགས་སུ་སྤོས་རྗེས་ཕྱོགས་གང་ས་ཅི་ཐད་ལ་རྒྱུས་མངའ་མེད་པས་སེམས་རྣལ་ལ་འབབ་དཀའ། སྐབས་དེར་ཤང་གྲོང་ལས་བྱེད་པའི་འཇོན་ཐང་མངོན་གསལ་དགོས་ཤིང་། ཁོང་ཚོའི་འཚོ་བ་དང་། ཐོན་སྐྱེད། ལས་ཞུགས། སློབ་ཞུགས། སྨན་བཅོས་སོགས་ཀྱི་གནད་དོན་ལ་ཐུགས་ཁུར་བྱས་ཏེ་མང་ཚོགས་ཀྱི་དགོས་མཁོ་ཆེ་བའི་གནད་དོན་ཐག་གཅོད་བྱེད་རོགས་བྱས་ནས་གནས་སྤོས་དུད་ཚང་གིས་དྲོ་སྐྱིད་ཚོར་ཐུབ་པར་བྱེད་དགོས་པ་དང་། ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཟབ་མོ་དངོས་དངོས་རྗེན་རྗེན་ངང་ཚོར་ཐུབ་པར་བྱེད་དགོས།

    གསུམ་པ“འགན་ལེན་ཡོད་པ”ནི་རྨང་གཞི་རེད། ཆ་རྐྱེན་བསྐྲུན་ནས་ལས་གནས་མཁོ་འདོན་བྱེད་པ་དང་། གྲུབ་ཆ་ལེགས་སྒྲིག་བྱས་ནས་ལས་ཞུགས་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་དགོས། ལས་ཞུགས་ཐུབ་ཚེ་ཡོང་འབབ་བསགས་ནས་འཚོ་བ་སྐྱེལ་ཐུབ་པ་དང་། གཞིས་ཆགས་ཐུབ་སྟེ་གནས་སྤོས་མང་ཚོགས་གཞི་ནས་བློ་བདེ་པོ་ཡོང་ཐུབ།

    བཞི་ནས“ཕྱུག་པོ་ཆགས་པ”ནི་དམིགས་ཚད་རེད། གནས་སྤོས་མང་ཚོགས་ཀྱི་ཡོང་འབབ་རྗེས་མཐུད་འཕེལ་རྒྱས་གཏོང་རིང་ཐོན་ཁུངས་ཁག་བསྡུ་སྒྲིལ་བྱེད་པ་དང་མང་ཚོགས་ཀྱིས་རང་ངོས་གནས་ཚུལ་ལ་གཞི་ཚུགས་ནས་རང་ཉིད་དང་འཚམ་པའི་ལམ་དུ་བསྐྱོད་རྒྱུར་ཁྲིད་སྟོན་བྱེད་དགོས་ཤིང་། དགེ་མཚན་འདོན་སྤེལ་ལེགས་པོ་བྱས་ཚེ་གཞི་ནས་མཛེས་སྡུག་ལྡན་པའི་མདུན་ལམ་གཏོད་ཐུབ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།