[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱིས་གྲོང་སྡོད་ལས་དོན་ཡག་པོ་སྒྲུབ་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ​ཝང་ཡུས་ཧྥེས།    |    སྤེལ་དུས།   2018-02-09

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་གྲོང་སྡོད་ལས་དོན་ཡག་པོ་བསྒྲུབས་པར་ཕན་འབྲས་བཟང་པོ་ཐོན་ཡོད་ཅིང་། བྱེད་སྟངས་དེ་ནི་ང་ཚོས་སློབ་སྦྱོང་བྱེད་འོས་པ་དང་དཔྱད་གཞིར་འཛིན་འོས་པ་ཞིག་རེད།

    སྨྱུག་འཛིན་པས་གྲོང་སྡོད་ལས་དོན་ཡག་པོ་བསྒྲུབ་པར་ངེས་པར་དུ་མང་ཚོགས་ལ་ཉེ་བཅར་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་འཐབ་ས་མདུན་མར་བསྐྱོད་ནས་དམངས་འཚོའི་སྐོར་བཅར་འདྲི་དང་དམངས་ཀྱི་སེམས་ཁྲལ་སེལ་རོགས་བྱས་ཏེ་མ་མཐའི་འཚོ་བ་འགན་ལེན་དུད་ཚང་དང་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་ཐོན་ལས་དང་འཚོ་བ་སེམས་སུ་འཆང་བ་དང་། མངགས་གཏོང་ཚན་པར་འབྲེལ་བ་ཧུར་ཐག་བྱས་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚོ་བའི་མཁོ་ཆས་བསྐྱལ་བ་དང་ནུས་པས་ལྕོགས་ཚོད་ཀྱིས་ཁོང་ཚོའི་དོན་དངོས་ཀྱི་དཀའ་ངལ་སེལ་དགོས། དུད་ཚང་སོ་སོའི་ལས་ཞུགས་གནས་ཚུལ་ལ་དམིགས་ཏེ། མང་ཚོགས་དང་ཁོང་ཚོའི་བུ་ཕྲུག་ཚོར་དེ་མཚུངས་ཀྱི་ལས་ཞུགས་ཆ་འཕྲིན་མཁོ་འདོན་བྱེད་དགོས་ལ། ཏང་དང་སྲིད་གཞུང་གི་དྲོ་སྐྱིད་མི་དམངས་མང་ཚོགས་ཀྱིས་ཚོར་ཐུབ་པ་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་མང་ཚོཌ་ལ་ཉེ་བཅར་བྱེད་དགོས།

    གྲོང་སྡོད་ལས་དོན་ཡག་པོ་བསྒྲུབ་པར་ངེས་པར་དུ་གོ་རིམ་ལྡན་པའི་ངང་སློབ་སྦྱོང་ལ་དམ་འཛིན་ཏན་ཏིག་བྱེད་དགོས། གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་དྲ་རྒྱ་དང་། དུས་དེབ། ཚགས་པར་སོགས་ཀྱི་བྱེད་ཐབས་སྣ་མང་སྤྱད་ནས་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་དང་། རིག་གནས་ཚན་རྩལ། གྲོང་གསེབ་ཀྱི་སྲིད་ཇུས། གཞི་རིམ་གྱི་འགལ་བ་འདུམ་འགྲིག་གི་ཁྲིམས་ལུགས་སློབ་གསོ་སོགས་ཀྱི་ཤེས་བྱ་སློབ་སྦྱོང་བྱ་རྒྱུར་སྣེ་ཁྲིད་དེ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་ཞབས་འདེགས་སྔར་ལས་ལྷག་པ་ཞུ་དགོས།

    གྲོང་སྡོད་ལས་དོན་ཡག་པོ་བསྒྲུབ་པར་ངེས་པར་དུ་བསམ་བློའི་ངོས་འཛིན་མཐོ་རུ་གཏོང་དགོས། ས་གནས་ཁག་གིས་ཁ་པར་བརྒྱབ་ནས་འཐེན་བཤེར་བྱེད་པ་དང་ས་གནས་ས་ཐོག་ཏུ་ལྐོག་ཞིབ་བྱེད་པ་སོགས་ཀྱི་ཐབས་ལམ་བརྒྱུད། ལས་དོན་རུ་ཁག་གྲོང་ཚོར་བཅའ་སྡོད་ཀྱི་གནས་ཚུལ་ལ་ལྟ་སྐུལ་འཐེན་བཤེར་བྱས་ཏེ་ལས་དོན་རུ་ཁག་གི་ཆབ་སྲིད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས་པ་དང་། ལྟ་སྐྱོང་སྦྱོང་བརྡར་སྒྲིག་འཛུགས་དང་། ཏང་ཡོན་གཅིག་སྡུད་སློབ་སྦྱོང་བྱེད་པ་སོགས་ཀྱི་བྱེད་སྒོ་བརྒྱུད། གྲོང་སྡོད་ལས་དོན་རུ་ཁག་ཕན་ཚུན་བསྡུར་བ་བྱེད་པའི་ཁྲོད་མྱོང་བ་ཟབ་ཏུ་དང་འཇོན་ཐང་ཆེ་རུ་བཏང་སྟེ། གནད་སྨིན་དབུལ་སྐྱོར་ལས་དོན་སྒྲུབ་རིང་སྦྱོང་བརྡར་ཐེབས་པ་བྱས་ནས་གོ་སྐབས་བརྩོན་ལེན་གྱི་འདུ་ཤེས་ཟབ་ཏུ་གཏོང་དགོས། (སྐྱིད་ལོད་ཀྱིས་བསྒྱུར། པ་ཚེ་དང་སྐྱིད་ལོད་ཀྱིས་ཞུས)

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།