[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • དམངས་འཚོ་ལེགས་སུ་གཏོང་བར་ནམ་ཡང་ཚར་དུས་མེད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-12

    ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་། དམངས་འཚོའི་བྱ་གཞག་དེ་རྒྱལ་ཁབ་བཅོས་སྐྱོང་གི་རིམ་པའི་ཐོག་འཇོག་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་འཐབ་ཇུས་མཐོ་ཚད་ཐོག་བཞག་ནས་དམངས་འཚོའི་བྱ་གཞག་དེ་མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་དང་དེ་བཞིན་རྒྱལ་ཁབ་ལ་བློ་ཁ་ཕྱོགས་ཤུགས་ཆེ་རུ་གཏོང་བའི་བྱེད་ཐབས་ནུས་ལྡན་ཞིག་ཏུ་བརྩི་དགོས་ལུགས་ཐོག་མར་བསྟན་ཡོད།

    2018ལོའི་རང་ལྗོངས་ཀྱི་སྲིད་གཞུང་ལས་དོན་སྙན་སྒྲོན་ནང་སླད་ཕྱིན་ལོ་ལྔའི་རིང“འདུ་འགོད་ཆེན་པོ་བཅུ”ལག་བསྟར་བྱེད་དགོས་པ་སྟེ། འདུ་འགོད་དང་པོ་ནི་ལྗོངས་ཡོངས་ཀྱི་རྒྱ་ཆེའི་མང་ཚོགས་དང་འབྲེལ་བ་ཟབ་མོ་ཡོད་པའི་བདེ་སྐྱིད་ཁམས་བཟང་གི་འདུ་འགོད་ཡིན་ཞིང་། ངེས་པར་དུ་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་བྱས་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོར་དེ་བས་བདེ་སྐྱིད་ཁམས་བཟང་གི་འཚོ་བ་ཞིག་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱེད་དགོས་ཞེས་བཏོན་ཡོད། དེས་ན་ང་ཚོས་དམངས་འཚོ་འགན་ལེན་དང་ལེགས་གཏོང་གི་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པའི་ཁྲོད་ངེས་པར་དུ་མི་དམངས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་། མི་དམངས་དང་ཐད་ཀར་འབྲེལ་བ་ཡོད་པ། མི་དམངས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ལ་དམ་འཛིན་བྱེད་པ་དང་། སྤྱི་པའི་ཞབས་ཞུའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་བྱེད་པ། མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་བ། སྤྱི་ཚོགས་བཅོས་སྐྱོང་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་བཟང་པོ་ཧུར་ཐག་ཆགས་པ་བཅས་བྱས་ཏེ་མི་དམངས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་དེ་བས་མང་བ་དང་། དེ་བས་འགན་ལེན། དེ་བས་རྒྱུན་མཐུད་བཅས་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    དམངས་འཚོའི་བྱ་གཞག་གིས་ཀྱང་དུས་ཀྱི་འཕོ་འགྱུར་དང་ལག་ལེན་གྱི་འཕེལ་རྒྱས་དང་བསྟུན་ནས་དུས་རབས་ཀྱི་ཁྱད་ཆོས་མངོན་པ་དང་དམངས་ཚོགས་ཀྱི་འཚོ་བ་འགན་ལེན་གྱི་འཛུགས་སྐྲུན་ལས་འགན་བཏོན་པ་དང་། དམངས་འཚོ་འགན་ལེན་དང་ལེགས་གཏོང་ནམ་ཡང་ཚར་དུས་མེད་པ་ནི་དམངས་འཚོ་འཛུགས་སྐྱོང་གི་ནང་ངོས་ཆོས་ཉིད་ཅིག་ཡིན་ལ་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་འཆང་བའི་དགོས་མཁོའི་གཞན་ངོས་ཀྱི་བླང་བྱ་ཞིག་དེ་བས་ཡིན།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།