[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • རང་འགན་ཧུར་ཐག་བསྒྲུབས་པས་ན། ཁྲོམ་རའི་ཐབས་ལམ་ཡངས་པར་གྱུར།

    ​2017ལོའི་སྟོད་ལུང་བདེ་ཆེན་ཆུས་བཟོ་ཚོང་ལས་དོན་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-05-16

    2017ལོ་ནས་བཟུང་། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་བཟོ་ཚོང་ཅུས་ཀྱིས་ནན་ཏན་ངང་ལས་འགན་བསྒྲུབས་ཏེ་ཚོང་དོན་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཁྲོམ་རའི་བྱེད་པོའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཁྲོམ་རའི་དཔལ་འབྱོར་སྒྲིག་ལམ་སྲུང་སྐྱོང་ཧུར་ཐག་བྱེད་པ། འཛད་སྤྱོད་ཁོར་ཡུག་ལེགས་སུ་གཏོང་བ་བཅས་བྱས་པས་ལས་དོན་ཁག་ལ་འཕེལ་རྒྱས་གསར་པ་མངོན་པ་རེད།

    ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེཌ་སུ་བཏང་བ།

    2017ལོ་ནས་བཟུང་། སྟོད་ལུང་བདེ་ཆེན་ཆུས་བཟོ་ཚོང་ཅུས་ཀྱིས་ཚོང་དོན་ལམ་ལུགས་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། གློད་སྡོམ་ཞབས་ཕྱོགས་གསུམ་གཞི་གཅིག་རྒྱུན་འཁྱོངས་བྱས་ཏེ་ཁེ་ལས་གསར་པ་རྒྱུན་མཐུད་ངང་མང་དུ་འགྲོ་བ་དང་དུས་མཚུངས་ཁེ་ལས་དེ“དམངས་ཀྱིས་བྱ་གཞག་སྐྲུན་པ་དང་། ཀུན་གྱིས་གསར་གཏོད་བྱེད་པར”སྐུལ་འདེད་གཏོང་བའི་སྒུལ་ཤུགས་གཙོ་བོར་འགྱུར་བར་བྱས་པ་རེད། 2017ལོའི་ཟླ་11པའི་ཟླ་མཇུག་བར་ཅུས་དེའི་ཁོངས་གཏོགས་ཁུལ་དུ་ཁྲོམ་རའི་བྱེད་པོ་ཁྱོན་བསྡོམས་9069ཟིན་པའི་ནང་ཁེ་ལས་དུད་ཚང་2767ཟིན་པ་དང་། ཁེར་རྐྱང་བཟོ་ཚོང་དུད་ཚང་6149ཟིན་པ། ཞིང་པའི་ཆེད་ལས་མཉམ་ལས་ཁང་153བཅས་ཟིན་ཡོད་པ་དང་། གསར་དུ་ཐོ་བཀོད་པའི་རིགས་ཁག་གི་ཁྲོམ་རའི་བྱེད་པོ་3145ཟིན་པ་དེ་དུས་མཚུངས་ལས་84.13%འཕར་ཡོད། དེའི་ཁྲོད་ཁེ་ལས་གསར་པ་864མང་དུ་ཕྱིན་ཡོད་པ་དང་འཕར་ཚད་34.58%ཟིན་པ་དང་། ཞིང་པའི་ཆེད་ལས་མཉམ་ལས་ཁང་5མང་དུ་ཕྱིན་པ། ཁེར་རྐྱང་བཟོ་ཚོང་དུད་ཚང་2276མང་དུ་ཕྱིན་པ་དང་འཕར་ཚད་119.7%ཟིན་ཡོད་པ་རེད།

    “གཉིས་གཏོད་དཔེ་སྟོན”གྱི་ལས་དོན་བླང་བྱ་གཞིར་བཟུང་བ་དང་འབྲེལ་ཡོད་ཀྱི་ཡིག་ཆའི་དགོངས་དོན་ལ་བརྟེན་ནས་ཐོ་བཀོད་ཚོམས་ཆེན་དུ་སློབ་ཆེན་སློབ་མའི་ལས་གཏོད་ཞབས་ཞུའི་བློ་འདྲིའི་ལས་སྟེགས་དང་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ཞབས་ཞུའི་ལྗང་མདོག་བགྲོད་ལམ་སོགས་ཆེད་མངགས་ཀྱི་སྐར་ཁུང་བཙུགས་ནས་རྒྱ་ཆེའི་ལས་གཏོད་པར་མཐོ་སློབ་སློབ་ཐོན་སློབ་མའི་ལྗོངས་ནང་ཁུལ་གྱི་ཁེ་ལས་སུ་ལས་ཞུགས་བྱེད་པའི་འབྲེལ་ཡོད་སྲིད་ཇུས་འགྲེལ་བཤད་ཧུར་ཐག་བརྒྱབ་པ་རེད།

    ཡིད་རྟོན་ལྟ་སྐུལ་དོ་དམ་གྱི་རྣམ་པར་སྐུལ་འདེད་བཏང་བ།

    རྒྱུན་གཏན་གྱི་ལྟ་སྐུལ་དོ་དམ་ནི་བཟོ་ཚོང་སྡེ་ཚན་གྱིས་དཔལ་འབྱོར་གྱི་བྱེད་པོའི་གཉེར་སྐྱོང་བྱ་སྤྱོད་དང་དུས་སྐབས་ཀྱི་སྒུལ་རྣམ་དུས་ཐོག་ཏུ་རྟོགས་པ་དང་ཁྲིམས་འགལ་གྱི་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་བྱེད་པའི་ཆ་འཕྲིན་ཡོང་ཁུངས་ཤིག་ཡིན་པ་རེད།

    ཅུས་དེས་ད་དུང་བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་ཆེན་པོའི་ལས་དོན་ཧུར་ཐག་སྤེལ་ནས་ཁྲོམ་རའི་བྱེད་པོ་ཁྱོན་54ལ་ཞིབ་བཤེར་བྱས་པ་དང་། ཁོར་ཡུག་སྲུང་སྐྱོང་ལ་ཞིབ་བཤེར་ཧུར་ཐག་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་གདོང་དཀར་གྲོང་རྡལ་དང་། གནས་ཆུང་གྲོང་རྡལ། ཡབ་མདའ་ཤང་བཅས་ཁྱབ་ཁོངས་ནང་གི་ཐོན་སྐྱེད་གཉེར་སྐྱོང་ཁེ་ལས་ལ་ཆེད་གཏོང་ཞིབ་བཤེར་བྱས་ཏེ་ཁྱོན་དུད་ཚང་136ལ་ཞིབ་བཤེར་བྱས་ནས་དུད་ཚང་98ལ་བཅོས་སྒྲིག་བྱེད་དགོས་པའི་བཀའ་བཏང་བ། རིག་གནས་ཁྲོམ་རའི་སྒྲིག་ལམ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་སྟེ་སྒྲ་ཕབ་བརྙན་འཇུག་གི་དངོས་རིགས་ཚོང་ཁང་དང་། དྲ་ཁང་། རོལ་རྩེད་བྱ་ཡུལ་བཅས་ལ་ཆེད་དོན་ཞིབ་བཤེར་བྱས་ཏེ་ཁྲོམ་རའི་བྱེད་པོ་89ལ་ཞིབ་བཤེར་བྱས་པ་རེད།

    ཁྲིམས་འགལ་གྱི་བར་ཚོང་ལ་རྡུང་རྡེག་ཚ་ནན་བཏང་ནས་ཐད་ཚོང་གི་བྱ་སྤྱོད་ཚད་ལྡན་དུ་གཏོང་ཆེད། 2017ལོའི་སྟོད་ལུང་བདེ་ཆེན་ཆུས་ཀྱིས་བར་ཚོང་ལ་རྡུང་རྡེག་གཏོང་བ་དང་བར་ཚོང་ནང་ཞུགས་པར་བཀག་འགོག་བྱེད་པའི་མཉམ་འབྲེལ་ཚོགས་འདུ་འཚོགས་ནས་ཁོངས་མིའི་ཚན་པ་དང་ཤང་དང་གྲོང་རྡལ་ཁག་དང་འགན་འཁྲིའི་ཡི་གེ་བཞག་པ་དང་། བར་ཚོང་མེད་པའི་ཤང་དང་གྲོང་རྡལ་1དང་བར་ཚོང་མེད་པའི་སློབ་གྲྭ་1མང་དུ་བཏང་བ་རེད། ཞིང་སྤྱོད་དངོས་རྫས་ཁྲོམ་རར་ཆེད་དོན་བཅོས་སྒྲིག་ལས་དོན་སྤེལ་ནས་ཁྲོམ་རའི་བྱེད་པོར་ཞིབ་བཤེར་ཐེངས་46བྱས་པ་དང་དྲིལ་བསྒྲགས་ཡིག་ཆ་150ལྷག་ཙམ་སྤྲད་པ་རེད།

    འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་འཇོན་ཐང་ཆེ་རུ་བཏང་བ།

    འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་མཁན་གྱི་འགན་ནུས་སྡེ་ཚན་གལ་ཆེན་ཞིག་ཡིན་པའི་སྟོད་ལུང་བདེ་ཆེན་ཆུས་བཟོ་ཚོང་ཅུས་ཀྱིས་ཚོང་ཁང་ཆེ་མོ་དང་། སྒོ་རྩིས་ཚོང་ཁང་། མགྲོན་ཁང་ཆེན་པོ་སོགས་གཙོ་གནད་ཁུལ་གྱི་གློག་རྡུལ་བརྙན་ཤེལ་དང་ཁྲོམ་གཞུང་གི་དྲིལ་བསྒྲགས་སྦྱར་ཡིག་སོགས་ཀྱི་སྨྱན་སྦྱོར་བརྒྱུད《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱབ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས》གསར་པ་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་བ་དང་། ལོ་འགོའི་ལས་དོན་བཀོད་སྒྲིག་ལྟར་སྔར་ཡོད་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་འབྲེལ་གཏུག་ས་ཚིགས་5ཡོད་པའི་རྨང་གཞིའི་ཐོག་འབྲེལ་གཏུག་ས་ཚིགས་1(བོད་ལྗོངས་ཅིང་པང་ཏ་ཟོག་འགྲེམས་ཚན་རྩལ་ཚད་ཡོད་ཀུང་སི)མང་དུ་བཏང་ཡོད། དུས་མཚུངས“12315”འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་འགན་འཁུར་མཁན་ས་ཚིགས་སུ་ལྡིར་སོ་སྤྲོས་ཆས་བསྒར་ནས“12315”སྔར་བས་ཚད་ལྡན་ཅན་དུ་འགྱུར་བ་བྱས་པ་རེད།

    2017ལོར་ཞབས་ཞུའི་ཁྱབ་ཁོངས་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་ལས་དོན་ལ་ཤུགས་སྣོན་རྒྱག་རིང་ཅུས་དེས་འཛད་སྤྱོད་པའི་གོང་ཞུ་དང་ཐེར་འདོན་ཁ་པར་94བདག་སྤྲོད་བྱས་པ་དང་། “12315”སྲིད་གཞུང་གི་ཐད་བྲེལ་བརྒྱུད་གཉེར་གྱོད་གཞི་13བདག་སྤྲོད་བྱས་པ་དེའི་གྱོད་འབྲེལ་དངུལ་སྒོར་ཁྲི་38.51ཟིན་པས་འཛད་སྤྱོད་པར་དཔལ་འབྱོར་གྱི་གྱོང་གུན་སྒོར་ཁྲི་2.7མི་ཕོག་པ་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།