[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • དཀའ་ངལ་ཡོད་པའི་མང་ཚོགས་བློ་བདེའི་ངང་སྡོད་ཐུབ་པ་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ​ ཚེ་སྒྲོན།    |    སྤེལ་དུས།   2018-06-08

    འགན་ལེན་རང་བཞིན་གྱི་སྡོད་ཁང་ནི་ཏང་དང་སྲིད་གཞུང་གིས་ལག་ལེན་བསྟར་བའི་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་ཡིན་ལ། མི་དམངས་མང་ཚོགས་ཀྱི་འཚོ་བ་ལེགས་སུ་གཏོང་བའི་བྱ་བ་བཟང་པོ་ཞིག་ཀྱང་ཡིན་པས། ལས་དོན་དེ་ངེས་པར་དུ་ཡག་པོ་བསྒྲུབ་དགོས། སྨྱུག་འཛིན་པས་འགན་ལེན་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་སྦྲགས། ཇི་ལྟར་བྱས་ནས་དཀའ་ངལ་ཡོད་པའི་མང་ཚོགས་ལུས་བདེ་སེམས་སྐྱིད་ངང་སྡོད་ཐུབ་པ་བྱ་རྒྱུ་ནི་ང་ཚོའི་བསམ་བློ་གཏོང་ཡུལ་ཡིན་ལ་འབད་འཐབ་ཀྱི་ཁ་ཕྱོགས་ཤིག་ཀྱང་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།

    གཅིག་ནས་དཀའ་ངལ་ཡོད་པའི་མང་ཚོགས་བློ་བདེའི་ངང་སྡོད་ཐུབ་པ་བྱེད་པར། དེ་མཚུངས་ཀྱི་དོ་དམ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། འགན་ལེན་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ལ་ཚན་རིག་དང་མཐུན་པའི་འཆར་འགོད་བྱ་རྒྱུར་ཤུགས་སྣོན་དང་། རིགས་གཅིག་མཁས་ཅན་གྱིས་རིགས་པས་ཁུངས་སྐྱེལ་དང་གྲོང་མིའི་དཔང་ཉན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། བསྡོམས་རྩིས་དང་། ལྟ་སྐུལ། སྔོན་དཔག་བཅས་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་སྦྲགས་སྡོད་ཁང་དོ་དམ་སྡེ་ཚན་གྱིས་འགན་ལེན་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་གྱི་སྤུས་ཚད་དང་འབྲེལ་བའི་ལྟ་སྐུལ་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་འཛུགས་སྐྲུན་རྒྱུ་ཆ་དང་ཨར་ལས་སོགས་ལྷུ་ཚིགས་ཀྱི་སྤུས་ཚད་ཀྱི་འགག་སྒོ་ནན་པོ་བསྲུང་དགོས།

    གཉིས་ནས་དཀའ་ངལ་ཡོད་པའི་མང་ཚོགས་བློ་བདེའི་ངང་སྡོད་ཐུབ་པ་བྱེད་པར། ཡོངས་བསྒྲགས་དང་། གཞུང་དྲང་། དྲང་བདེན་བཅས་ཀྱི་བགོ་བཤའི་ལམ་ལུགས་མཐའ་འཁྱོངས་བྱེད་དགོས། འགན་ལེན་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ལ་ཤུགས་སྣོན་དང་སྤུས་ཚད་འགན་ལེན་བྱེད་པ་ནི་སྔོན་འགྲོ་ཡིན་ལ། དེ་དང་འདྲ་བར“བགོ་བཤའི”ལས་དོན་ཡག་པོར་བསྒྲུབ་པ་ཡང་ཤིན་ཏུ་གལ་འགངས་ཆེ་བས། འགན་ལེན་རང་བཞིན་གྱི་སྡོད་ཁང་བགོ་བཤའི་རྩ་དོན་ཁ་གསལ་བཟོས་ནས་འབྲེལ་ཡོད་ཀྱི་བརྒྱུད་རིམ་ཚད་ལྡན་དུ་གཏོང་དགོས་ཤིང་། འཇུག་འཐུས་དང་ཞིབ་དཔྱད། བགོ་བཤའ། ཕྱིར་འཐེན་སོགས་ཀྱི་བརྒྱུད་རིམ་ཚད་ལྡན་དུ་བཏང་སྟེ་ཡོངས་བསྒྲགས་དང་ཁ་གསལ་ཡོང་བ་བྱེད་དགོས།

    གསུམ་ནས་དཀའ་ངལ་ཡོད་པའི་མང་ཚོགས་བློ་བདེའི་ངང་སྡོད་ཐུབ་པ་བྱེད་པར་ལྷན་སྦྱར་འཛུགས་སྐྲུན་ལ་སྣང་ཆེན་བྱེད་དགོས། སྡོད་སའི་ཁང་པ་ཡོད་པར་བྱེད་པ་ལས། སྡོད་ཁང་ནི་རྨང་གཞི་དང་བློ་བདེའི་ངང་སྡོད་རྒྱུ་ནི་དམིགས་ཡུལ་ཡིན། ང་ཚོས་སྤྱི་འདོམས་ལ་སྣང་ཆེན་དང་ཁྱིམ་ཚང་མི་འདྲ་བའི་དགོས་མཁོ་སྐོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འགྲིམ་འགྲུལ་དང་། ཚོང་ལས། སྨན་བཅོས། སློབ་གསོ། རྒན་གསོ་སོགས་སྤྱི་འདོམས་བཀོད་སྒྲིག་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།