[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • རིག་དངོས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ​ ཝང་ཡ་ཧུའེ།    |    སྤེལ་དུས།   2018-08-08

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པར་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ནས་རྒྱལ་བབ་དང་འཚམ་པའི་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པའི་ལམ་དུ་ཧུར་ཐག་བསྐྱོད་རྒྱུའི་བརྗོད་དོན་གཙོ་བོར་གཞིགས་ཏེ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་གོང་འཕེལ་གཏོང་བ་དང་། རིག་དངོས་ལས་དོན་ལ་ཤུཌ་སྣོན་ཏན་ཏིག་རྒྱག་པའི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་གནང་བ་དང་། མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ། དགོངས་པ་གསར་པ་དང་། ལྟ་བ་གསར་པ། བླང་བྱ་གསར་པ་བཅས་རབ་དང་རིམ་པ་བཏོན་གནང་ཡོད། དེ་དང་ཆབས་ཅིག་ཕུགས་ལ་དམིགས་པ་དང་ནང་དོན་ཕུན་སུམ་ཚོགས་སུ་བཏང་ནས་རིག་དངོས་བྱ་གཞག་ལ་སྤྱི་འདོམས་སྐུལ་འདེད་གཏོང་ཆེད་ལོ་རྒྱུས་ཀྱི་འགན་འཁྲི་དཀྲིས་པ་དང་། མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན། སྒུལ་ཤུགས་ཆེན་པོ་མཁོ་འདོན་བཅས་གནང་ཡོད།

    རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། རྒྱལ་ཁབ་རིག་དངོས་ཅུས་ཀྱི་མཛུབ་ཁྲིད་ནུས་ལྡན། འབྲེལ་ཡོད་སྡེ་ཚན་གྱི་ཤུགས་ཆེའི་རྒྱབ་སྐྱོར་བཅས་ཀྱི་འོག རང་ལྗོངས་ཀྱི་རིམ་ཁག་རིག་དངོས་སྡེ་ཚན་གྱིས་སྲུང་སྐྱོབ་དང་བེད་སྤྱོད་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རྒྱུན་འཛིན་དང་འཕེལ་རྒྱས་མཉམ་དུ་དམ་འཛིན་བྱེད་པ། རིག་དངོས་སྲུང་སྐྱོབ་བེད་སྤྱོད་དང་། རྒྱུན་འཛིན་འཕེལ་རྒྱས། མ་ལག་འགན་ལེན་ནུས་པ་ཆེར་གཏོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་བྱས་པས་རང་ལྗོངས་ཀྱི་རིག་དངོས་བྱ་གཞག་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་ཡོད།

    རང་ལྗོངས་ཀྱི་སྤོ་རུང་བའི་རིག་དངོས་ཡོངས་བཤེར་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། 2017ལོར། རང་སྐྱོང་ལྗོངས་ཀྱིས་རྒྱལ་ཡོངས་ཀྱི་སྤོ་རུང་བའི་རིག་དངོས་ཡོངས་བཤེར་ཕྱོགས་སྡོམ་གཟེངས་བསྟོད་བརྙན་འཕྲིན་ཁ་པར་ཚོགས་འདུ་ཐེངས་དང་པོ་འཚོགས་པ་རེད། ལོ་5ལྷག་ཙམ་ལས་དོན་ཧུར་ཐག་བསྒྲུབས་པ་བརྒྱུད། རང་ལྗོངས་ཀྱིས་གཞུང་ཁོངས་ཉར་ཚགས་ཚན་པ་1305ལ་བརྟག་དཔྱད་བྱས་པ་དང་། རིག་དངོས་ཁག(ཆ་ཚང)148335ལ་ཡོངས་བཤེར་ཐོ་འགོད་བྱས་པས་རང་ལྗོངས་ཀྱི་སྤོ་རུང་བའི་རིག་དངོས་ཀྱི་གནས་ཚུལ་གཞི་རྩའི་ཆ་ནས་མཐིལ་རྟོགས་ཐུབ་ཡོད།

    རྟེན་རྫས་བཤམས་མཛོད་ཁང་འདི་ཉིད་ལོ་རྒྱུས་རིག་དངོས་དང་ཤེས་དཔལ་རིག་དངོས་བཤམས་སྟོན་དང་འགྲེམས་སྟོན་བྱེད་ས་གལ་ཆེན་ཞིག་ཡིན་པའི་ཆ་ནས་རིག་དངོས་བསྡུ་རུབ་དང་། གཅེས་ཉར། བཤམས་སྟོན། ཞིབ་འཇུག་དང་སྔོག་འདོན་སོགས་ཀྱི་རིག་གནས་ཀྱི་ནུས་པའི་འགན་འཁུར་ཡོད་པ་དང་དུས་མཚུངས། རིག་གནས་སློབ་གསོ་དང་བྱང་ཚད་མཐོར་གཏོང་གི་སྤྱི་པའི་ནུས་པའི་འགན་འཁུར་ཡོད་པས། དེ་ནི་ངོ་གནོང་མི་དགོས་པའི“དམངས་ཁྲོད་སློབ་ཆེན”ཞིག་རེད། 2017ལོར། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་བསྐྱར་སྐྲུན་རྒྱས་སྐྲུན་གྱི་ལས་གྲྭ་དངོས་སུ་འགོ་ཚུགས་པར་མ་དངུལ་སྒོར་དུང་ཕྱུར་6.64གཏོང་རྒྱུའི་མཆན་འགོད་བཀའ་ལན་ཐོབ་པ་དང་བསྐྱར་སྐྲུན་རྒྱས་སྐྲུན་གྱི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་5.87ཟིན་ཡོད།

    རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་ཡག་པོ་ཐུབ་པ་བྱ་རྒྱུ་ནི་རིག་དངོས་ལས་དོན་ལ་བཏོན་པའི་སྤྱིའི་བླང་བྱ་ཡིན་ཞིང་། རིག་དངོས་སྲུང་སྐྱོབ་བེད་སྤྱོད་ལ་སྤྱི་འདོམས་བྱ་རྒྱུ་ནི་རིག་དངོས་བྱ་གཞག་གི་འཐབ་ཇུས་ཆེན་པོ་ཞིག་ཡིན་པ་དང་། གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་གཏོང་རྒྱུ་ནི་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་ལས་དོན་ལ་བཏོན་པའི་ཚད་གཞི་གསར་པ་ཞིག་རེད། རིག་དངོས་སྲུང་སྐྱོབ་དང་གསར་སྤེལ་བེད་སྤྱོད་ཞི་མཐུན་གཅིག་མཐུན་ཡོང་བ་བྱ་རྒྱུ་ནི་ཕན་ཚུན་ཁ་འབྲལ་ཐབས་མེད་པའི་ཧྲིལ་པོ་ཞིག་རེད། རིག་དངོས་སྲུང་སྐྱོབ་བྱ་རྒྱུ་ནི་སྲིད་གཞུང་སྡེ་ཚན་དང་རིག་དངོས་ཚན་པའི་འགན་འཁྲི་ཁོ་ན་མ་ཡིན་ཞིང་། ང་ཚོར་རིག་དངོས་ལ་ལྟ་སྐོར་བྱེད་བའི་དབང་ཆ་ཡོད་ལ་རིག་དངོས་སྲུང་སྐྱོབ་ལ་ཞུགས་པའི་འོས་འགན་དང་འགན་འཁྲི་དེ་བས་ཡོད། མདོར་ན། རིག་དངོས་ལུགས་མཐུན་དང་འཚམ་པོའི་ངང་བེད་སྤྱོད་བྱེད་པའི་གཙོ་གནད་ནི་སྲུང་སྐྱོབ་དང་བེད་སྤྱོད་ཀྱི་འབྲེལ་བར་སྤྱི་འདོམས་བྱེད་པ་དང་། སྲུང་སྐྱོབ་གྲུབ་འབྲས་ཀྱིས་མི་དམངས་ལ་ཕན་འདོགས་པ། རིག་དངོས་སྡེ་ཚན་གྱིས་མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བྱེད་པ། སྤྱི་ཚོགས་ཀྱི་སྟོབས་ཤུགས་རྒྱ་ཁྱབ་ངང་ཞུགས་པ་བཅས་བྱས་ཏེ་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་ཡག་པོ་ཐུབ་པ་བྱ་རྒྱུ་དེ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།