[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་འཁུར་ཐུབ་པའི་དུས་རབས་ཀྱི་མི་གསར་སྐྱོང་དགོས།

  • ཡོང་ཁུངས།   བོད་ལྗོངས་དྲ་འཕྲིན་གཞུང་ལས་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-08

    “དྲིལ་བསྒྲགས་དང་བསམ་བློའི་ལས་དོན་ནི་མི་སྣ་གསོ་སྐྱོང་བྱེད་པའི་ལས་དོན་ཞིག་ཡིན་པས་མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འཁུར་ཐུབ་པའི་དུས་རབས་ཀྱི་མི་གསར་སྐྱོང་རྒྱུ་དེ་འགན་འཁྲི་གལ་ཆེན་དུ་བརྩི་དགོས”  རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་གསར་སྐྱོང་བ”ནི་དུས་བབ་གསར་པའི་འོག་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་གྱི་འགན་འཁྲི་དང་ལས་འགན་གཅིག་ཏུ་བཞག་ནས་མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འཁུར་ཐུབ་པའི་དུས་རབས་ཀྱི་མི་གསར་སྐྱོང་དགོས་པའི་རྣམ་བཤད་ལ་འགྲེལ་བ་གཏིང་ཟབ་བསྐྱོན་པ་དང་།  མི་དམངས་ཀྱི་བསམ་བློའི་གོ་རྟོགས་དང་།ཀུན་སྤྱོད་ཀྱི་ཆུ་ཚད། ཤེས་དཔལ་གྱི་བྱང་ཚད་བཅས་གོང་མཐོར་གཏོང་བའི་བརྟག་ཐབས་སྨྲ་བར་ལན་གཏིང་ཟབ་བསྐྱོན་ཡོད་པས་དུས་བབ་གསར་པའི་འོག་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་ལེགས་པོ་བསྒྲུབ་པའི་ནུས་ལྡན་གྱི་བརྩི་སྲུང་ཞུ་ཡུལ་ཞིག་ཏུ་གྱུར་ཡོད།

    མི་གསར་སྐྱོང་བ་ནི་ཀུན་སྤྱོད་དང་གནས་ལུགས་ལྡན་པའི་མི་སྣ་གསོ་སྐྱོང་བྱེད་རྒྱུ་དེ་ཡིན་པས། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་དགོས་ཤིང་། མི་དམངས་ཀྱི་བསམ་བློའི་གོ་རྟོགས་དང་། ཀུན་སྤྱོད་ཀྱི་ཆུ་ཚད།  ཤེས་དཔལ་གྱི་བྱང་ཚད་བཅས་མཐོ་རུ་གཏོང་རྒྱུ་དང་མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་འཁུར་ཐུབ་པའི་དུས་རབས་ཀྱི་མི་གསར་སྐྱོང་དགོས།  དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལེགས་པོ་བྱུང་བ་དང་།  རྒྱལ་ཁབ་ཀྱི་དངོས་པོའི་སྟོབས་ཤུགས་དང་བསམ་པའི་སྟོབས་ཤུགས་གོང་འཕེལ་འགྲོ་བ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་དངོས་པོའི་འཚོ་བ་དང་བསམ་པའི་འཚོ་བར་ལེགས་བཅོས་བཅས་བྱས་ཚེ།     གཞི་ནས་ཡར་སྐུལ་ལྷུར་ལེན་དང་འབད་འཐབ་ལྷོད་མེད་ཀྱི་སྙིང་སྟོབས་ཤིག་སྐྱེད་སྲིང་ཐུབ་སྟེ། མི་རིགས་བསྐྱར་དར་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་བསམ་པའི་གནས་ཚད་ཅིག་འགོད་ཐུབ་པར་ལོ་རྒྱུས་དང་ད་ལྟ་གཉིས་ཀྱིས་ར་སྤྲོད་བྱས་ཡོད།

    མི་གསར་སྐྱོང་བར་གལ་ཆེན་ནང་གི་འགངས་ཆེ་ནི་ཕུགས་བསམ་དང་དད་སེམས་བརྟན་པོའི་ཐོག་ནས་བསམ་པའི་རྨང་གཞི་བརྟན་པོ་འཛུགས་པ་དང་མར་ཁེ་སི་རིང་ལུགས་ལ་བཅངས་པའི་དད་མོས་དང་། སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་ལ་བཅངས་པའི་དད་སེམས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དང་། རིགས་པའི་གཞུང་ལུགས། ལམ་ལུགས། རིག་གནས་བཅས་ལ་འཛིན་པའི་གདེང་ཚོད་བཅས་བརྟན་དུ་གཏོང་དགོས། “རྒྱལ་ཁབ་ཅིག་གི་རིག་གནས་ཀྱི་མངོན་མེད་སྟོབས་ཤུགས་རྩ་བའི་ཆ་ནས་བརྗོད་ན།  དེའི་ལྟེ་བའི་རིན་ཐང་ལྟ་བའི་སྐྱེ་སྟོབས་དང་། གོང་བུ་འགྲིལ་ཤུགས། མི་སེམས་འགུགས་ཤུགས་བཅས་ལ་རག་ལས་ཡོད་པས”  ངེས་པར་དུ་སློབ་གསོ་ཁྲིད་སྟོན་དང་། ལག་ལེན་རྒྱུན་འཁྱོངས། ལམ་ལུགས་འགན་ལེན་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ལ་མཉམ་འདྲེས་ཐུབ་པ་བྱས་ནས་དམངས་ཡོངས་ལ་རང་འགུལ་ངང་ལག་ལེན་བསྟར་རྒྱུའི་ཁྲིད་སྟོན་བྱེད་དགོས།

    མི་གསར་སྐྱོང་བར་སྤྱི་ཚོགས་ཀྱི་ཤེས་དཔལ་དར་སྲོལ་དང་ཁ་བྲལ་ཐབས་མེད་དེ།“གང་ཞིག་གསེར་གྱི་རི་ལ་སྔས་བཅས་ན། དེ་ཡི་འདབ་ཆགས་ཐམས་ཅད་གསེར་དུ་འགྱུར”ཞེས་པ་བཞིན་སྔོན་ཐོན་དཔེ་སྟོན་སློབ་སྦྱོང་དྲིལ་བསྒྲགས་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ཏེ་དཔའ་བོར་གོང་བཀུར་དང་། སློབ་སྦྱོང་། སྲུང་སྐྱོང་། གཅེས་སྐྱོང་བཅས་ཀྱི་རྣམ་པ་ཟབ་མོ་ཞིག་གཏོད་དགོས། དུས་རབས་ཀྱི་དར་སྲོལ་གསར་པ་དར་སྤེལ་ཤུགས་ཆེན་བཏང་སྟེ་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་འདུ་འགོད་ལག་ལེན་གཏིང་ཟབ་བསྟར་ཏེ་བསམ་བློ་ཆབ་སྲིད་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བ། དུས་རབས་གསར་པའི་ཤེས་དཔལ་ལག་བསྟར་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་མི་དམངས་ཀྱི་བསམ་བློའི་གོ་རྟོགས་དང་། ཀུན་སྤྱོད་ཀྱི་ཆུ་ཚད། ཤེས་དཔལ་གྱི་བྱང་ཚད། སྤྱི་ཚོགས་ཡོངས་ཀྱི་ཤེས་དཔལ་གྱི་ཆུ་ཚད་བཅས་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། སྲོལ་གསར་གཞུང་དྲང་དར་སྤེལ་དང་གོམས་སྲོལ་སྒྱུར་བར་སྐུལ་འདེད་བཏང་སྟེ་ཡུལ་སྲོལ་ཡ་རབས་དང་། ཁྱིམ་སྲོལ་ཡག་པོ། དམངས་སྲོལ་བབ་ཆགས་བཅས་སྐྱེད་སྲིང་བྱས་ནས་གྲོང་གསེབ་ཤེས་དཔལ་གྱི་རྣམ་པ་གསར་པ་མངོན་པར་བྱེད་དགོས།  སྣེ་མང་མཉམ་འཛིན་བྱས་ན་གཞི་ནས་གཟི་ཁྲེལ་ཤེས་པ་དང་། ཁ་དན་ཚིག་གནས། ལེགས་སྐྱེས་འབུལ་བ། འཆམ་མཐུན་ལ་སྐུལ་འདེད་བཅས་གཏོང་བའི་དར་སྲོལ་བཟང་པོ་ཞིག་ཆགས་ཐུབ།

    རྒྱལ་ཁབ་དར་ཅིང་བརྟན་ལྷིང་ཡོང་རྒྱུ་ནི་ཤེས་ལྡན་མི་སྣར་ཐུག་ཅིང་།  རྒྱལ་ཁབ་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་ནི་སློབ་གསོར་ཐུག་ཡོད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་ཐད་ཀྱི་གལ་ཆེའི་བསམ་བློར་དམ་འཛིན་ལེགས་པོ་བྱས་ནས་བསམ་བློ་དང་བྱ་སྤྱོད་གསུང་བཤད་ཀྱི་དགོངས་དོན་ཐོག་གཅིག་མཐུན་ཡོང་བ་བྱེད་པ་དང་།  མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་འཁུར་ཐུབ་པའི་དུས་རབས་ཀྱི་མི་གསར་ཞིག་བྱས་ཚེ།   ང་ཚོས་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་གྱི་རྣམ་པ་གསར་པ་གཏོད་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྲ་ཞིང་བརྟན་པའི་བསམ་བློའི་འགན་ལེན་དང་བསམ་པའི་སྟོབས་ཤུགས་དྲག་པོ་ཞིག་མཁོ་འདོན་བྱེད་ཐུབ། (བོད་ལྗོངས་དྲ་འཕྲིན་གཞུང་ལས་ཁང་།)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།