[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ལས་བྱེད་པའི་གྲོང་སྡོད་ལས་དོན་ལ་དམ་འཛིན་ནན་པོ་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཝང་ཡུས་ཧྥེས།    |    སྤེལ་དུས།   2018-11-07

    གྲོང་སྡོད་ལས་བྱེད་པས་གཞི་རིམ་གྱི་འཐབ་ས་མདུན་མར་ལས་དོན་སྒྲུབ་བཞིན་ཡོད་པ་དང་། ད་ཕན་ལོ་ཤས་རིང་། རང་ལྗོངས་ཀྱིས་བྱེད་ཐབས་སྣ་མང་སྤྱད་དེ་ལས་བྱེད་པའི་གྲོང་སྡོད་ལས་དོན་སྤེལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བར་ཕན་འབྲས་བཟང་པོ་ཐོབ་པ་རེད།

    སྨྱུག་འཛིན་པས་ལས་བྱེད་པའི་གྲོང་སྡོད་ལས་དོན་ཡག་པོ་སྒྲུབ་པར་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་པའི་ངོས་འཛིན་བྱས་པ་ཡིན་ལ། ས་གནས་ཁག་གི་འབྲེལ་ཡོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ངེས་པར་དུ་ལས་ཀར་དམ་འཛིན་ཞིབ་ཚགས་དང་དམ་འཛིན་ཏན་ཏིག་བྱེད་པ་དང་། རྩ་འཛུགས་ཀྱི་མཐུན་སྦྱོར་དང་། ཕན་ཚུན་འབྲེལ་གཏུག བཀོད་སྒྲིག་ལེགས་པོ། བྱེད་སྒོ་སྤེལ་བ་སོགས་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་དགོས་ཤིང་། འགོ་ཁྲིད་གཙོ་བོས་སྤྱི་འགན་འཁུར་བ་དང་ལས་འགན་ཁག་བགོས་འགོ་ཁྲིད་ཀྱིས་ཆེད་མངགས་དམ་འཛིན་ཏན་ཏིག་བྱས་ཏེ། ལས་ཀ་ཞིབ་ཚགས་ཤིང་གནད་ལ་འཁེལ་བ་དང་། མིའི་ཐོག་ཏུ་དོན་འཁྱོལ་བྱེད་པ། གཟའ་འཁོར་རེར་ལས་དོན་སྤེལ་ཚུལ་སྙན་སེང་ཞུ་བ། སྟབས་བསྟུན་དོ་དམ་བཅས་བྱས་ཏེ་གྲོང་སྡོད་རོགས་སྐྱོར་ལས་དོན་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས།

    ལས་བྱེད་པའི་གྲོང་སྡོད་ལས་དོན་ཡག་པོ་སྒྲུབ་པར་ལྟ་བཤེར་ལ་ཤུགས་སྣོན་དང་སྒྲིག་ཁྲིམས་ནན་ཏུ་གཏོང་དགོས། ས་གནས་ཁག་གིས་ལྟ་བཤེར་ལྐོག་བཤེར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་ཁར། ལྟ་བཤེར་འབྲས་བུ་ལས་བྱེད་པའི་གྲོང་སྡོད་རོགས་སྐྱོར་ལས་དོན་གྱི་ལོ་འཁོར་མོའི་དཔྱད་ཞིབ་ནང་འཇུག་དགོས། ལྟ་བཤེར་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་ཐད་ས་གནས་ས་ཐོག་ཏུ་སྤེལ་རེས་དང་། བཞུགས་མོལ། ཡིག་ཐོག་ནས་བརྡ་ལན་སློག་པ་སོགས་ཀྱི་རྣམ་པ་བརྒྱུད་འབྲེལ་ཡོད་སྡེ་ཚན(ཚན་པ)གྱིས་དག་ཐེར་བྱེད་ཐབས་དོན་འཁྱོལ་དང་ལས་ཀའི་སྒྲིག་ཁྲིམས་ནན་དུ་གཏོང་རྒྱུར་སྒྲུབ་སྐུལ་བྱེད་དགོས།

    ལས་བྱེད་པའི་གྲོང་སྡོད་ལས་དོན་ཡག་པོ་སྒྲུབ་པར་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས། ས་གནས་ཁག་དང་ཚན་པ་ཁག་གིས་ལས་ཀའི་མཛུབ་ཁྲིད་ནུས་པ་འདོན་སྤེལ་གྱིས་གྲོང་སྡོད་རུ་མིར་གནས་ཚུལ་ཤེས་རྟོགས་དང་། གྲོང་ཚོ་དང་དུད་ཚང་གི་གནས་ཚུལ་མཐིལ་རྟོགས། དུད་ཚང་དབུལ་པོའི་འཕེལ་རྒྱས་ཀྱི་འདོད་འདུན་ཤེས་རྟོགས་བཅས་ཡོང་བ་བྱེད་པ་དང་། སྲིད་ཇུས་ལ་རྒྱུས་མངའ་གཏིང་ཟབ་ལོན་པའི་རྨང་གཞིའི་ཐོག་ཡུལ་བབ་དང་བསྟུན་པ་དང་དུད་ཚང་དང་བསྟུན་ནས་གནད་སྨིན་ཇུས་འདོན་བྱེད་པ། ལས་དོན་ཁག་ཏན་ཏིག་དང་ཞིབ་ཚགས་ངང་སྒྲུབ་པ་བཅས་བྱས་ནས་གྲོང་སྡོད་ལས་དོན་བདེ་བླག་ངང་སྒྲུབ་དགོས།

    ལས་བྱེད་པའི་གྲོང་སྡོད་ལས་དོན་ཡག་པོ་སྒྲུབ་པར་གླེང་ཕྱོགས་ཀྱི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་རྣམ་པ་བཟང་པོ་གཏོད་དགོས། ས་གནས་ཁག་གིས་དོན་དངོས་དང་ཟུང་འབྲེལ་གྱིས་ཚགས་པར་དང་། དུས་དེབ། རླུང་འཕྲིན། བརྙན་འཕྲིན། དྲ་རྒྱ་སོགས་སྨྱན་སྦྱོར་བརྒྱུད་ལས་བྱེད་པའི་གྲོང་སྡོད་ལས་དོན་དྲིལ་བསྒྲགས་དང་དེའི་སྐོར་གྱི་གནས་ཚུལ་སྤེལ་རྒྱུར་ཤུགས་སྣོན་རྒྱག་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།