[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་དྲག་པོར་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   མཱ་ཞའོ་གཡན།    |    སྤེལ་དུས།   2019-01-10

    ཤིན་ཏུ་དབུལ་བའི་རྫོང་25ལ་དབུལ་པོའི་གནས་ལས་སྒྲོལ་བའི་ཆ་རྐྱེན་འཛོམས་པ་དང་།

    གྲོང་ཚོ་དབུལ་པོ་2100དབུལ་སྒྲོལ་ཐུབ་པ།

    སྔོན་དཔག་བྱས་ན་མི་ཁྲི་18.1དབུལ་སྒྲོལ་ཐུབ་པ།

    དབུལ་པོར་འགྱུར་ཚད་6%མན་ཆག་པ་ལ་སོགས་པའི་གྲངས་གཞི་མངོན་གསལ་དོད་པོ་འདི་དག་ལས་འོད་སྟོང་འབར་བའི་གྲུབ་འབྲས་མངོན་ཞིང་། 2018ལོའི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མིག་ལྡན་ཀུན་གྱིས་མཐོང་གསལ་རེད།

    ལོ་གཅིག་གི་རིང་། རང་ལྗོངས་ཀྱིས《ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལག་བསྟར་ཇུས་གཞི(2018ལོ་ནས་2020ལོ་བར)》དང《ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི》ཞིབ་འཇུག་བྱས་ནས་བཏོན་ཏེ་མ་དངུལ་སྒོར་དུང་ཕྱུར་677.19བཏང་བ་དང་རྣམ་གྲངས་1800ལག་བསྟར་བྱས་པ་དང་། ལོ་གསུམ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་དང་། ལོ་འཁོར་འཆར་གཞི། འགན་ལེན་བྱ་ཐབས་བཅས་ཞིབ་ཚགས་སུ་བཏང་བ། ལས་འགན་ཡི་གེ་དང་། དུས་ཚོད་རེའུ་མིག ལམ་ཐིག་འཆར་གཞི་བཅས་ཁ་གསལ་བཟོས་པ་རེད།

    གྲུབ་འབྲས་ནི་འདས་ཟིན་པ་དང་མ་འོངས་པར་ལས་འགན་ལྕི་ལ་ལམ་ཐག་རིང་། 2019ལོ་ནི་བོད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་ལོ་ཞིག་ཡིན་ཞིང་། ལྷག་བསྡད་པའི་མི་འབོར་དབུལ་པོ་ཁྲི་15དང་། ཤིན་ཏུ་དབུལ་བའི་གྲོང་ཚོ་662 ཤིན་ཏུ་དབུལ་བའི་རྫོང་19བཅས་ནི་དབུལ་པོའི་ནང་གི་དབུལ་པོ་དང་དཀའ་ཚེགས་ཆེ་ཤོས་ཤིག་རེད།

    ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག ང་ཚོས་ངེས་པར་དུ་དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་མུ་མཐུད་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་དགོས་པ་དང་། ངར་ཤུགས་བསྒྲིམས་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་བླང་བྱ་གསར་ཤོས་དོན་འཁྱོལ་ནན་ཏན་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་དུས་བབ་གསར་པའི་འོག་གི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་དྲག་པོར་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།