[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ཏན་ཏིག་བྱས་ནས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་ཤུགས་ཆེར་གཏོང་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཀྲའོ་རུའེ་ཡང་།    |    སྤེལ་དུས།   2019-01-11

    “བྱ་བ་ཐམས་ཅད་ལས་དམངས་འཚོ་སྔོན་ལ་འཛིན་དགོས” 2018ལོར་རང་ལྗོངས་ཀྱིས“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱ་རྒྱུ་གཞི་རྩའི་བྱ་ཐབས་ལ་བརྩིས་པ་དང་། “འདུ་འགོད་ཆེན་པོ་བཅུ”ལག་ལེན་ཤུགས་ཆེན་བསྟར་བ། དམངས་འཚོར་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཅས་བཏང་སྟེ་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་དང་ཐོབ་ཚོར་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད།

    ལོ་གཅིག་རིང་། གཞུང་ལམ་དང་། ལྕགས་ལམ། དམངས་སྤྱོད་མཁའ་འགྲུལ་སོགས་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་གལ་ཆེན་མང་པོ་ཞིག་དང་། འགན་ལེན་རང་བཞིན་གྱི་སྡོད་ཁང་དང་། གློག་དྲ་སྒྱུར་བཀོད། གྲོང་ཁྱེར་དུ་དྲོད་རླངས་མཁོ་འདོན་སོགས་མི་དམངས་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་དམངས་འཚོའི་རྣམ་གྲངས་གལ་ཆེན་མང་དག་ཅིག་རྒྱུན་མཐུད་ངང་ལས་འགོ་ཚུགས་ནས་བསྐྲུན་པ་དང་བེད་སྤྱོད་བྱས་པ་དེས་རང་ལྗོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་པ་མ་ཟད། ད་དུང་མི་དམངས་མང་ཚོགས་ལ་སྒྱུར་བཅོས་འཕེལ་རྒྱས་ཀྱི་ཕན་པ་དེ་བས་ཆེ་བ་ཐོབ་ཡོད།

    རྣམ་གྲངས་འཛུགས་སྐྲུན་ནི་འཕེལ་རྒྱས་དང་སྤུས་ཚད་དང་འབྲེལ་བ་ཡོད་ལ་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་དང་ཡང་འབྲེལ་བ་ཡོད། 2019ལོ་འཆར་མ་ཐག་རང་ལྗོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་འཕེལ་རྒྱས་ནི་མི་དམངས་ཀྱི་ཆེད་དུ་དང་། འཕེལ་རྒྱས་གཏོང་རྒྱུ་མི་དམངས་ལ་བརྟེན་པ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་བཅས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ཏན་ཏིག་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན། དམ་པ་དོན་གཉེར་བཅས་བྱེད་པ། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ཐད་རྒྱུན་ཆད་མེད་པར་འཕེལ་རིམ་གསར་པ་མགྱོགས་མྱུར་ཡོང་ཐབས་བྱེད་པ། འཕེལ་རྒྱས་ཀྱི་སྒུལ་ཤུགས་རྒྱུན་མཐུད་ངང་ཤུགས་ཆེར་གཏོང་བ་བཅས་བྱས་ནས་འཕེལ་རྒྱས་ཁྲོད་དམངས་འཚོ་འགན་ལེན་དང་ལེགས་སུ་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།