[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • སྒྱུར་བཅོས་སྒོ་དབྱེ་མཐར་ཕྱིན་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཐང་ཏ་ཧྲན།    |    སྤེལ་དུས།   2019-02-09

    རྒྱལ་ཡོངས་དང་མཚུངས་པར་བོད་དུའང་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་ཞིང་། ལོ་40ཡི་རིང་བོད་ལ་ཐོབ་པའི་འོད་སྟོང་འབར་བའི་གྲུབ་འབྲས་ནི་མིག་ལྡན་ཀུན་གྱི་མཐོང་ཆོས་སུ་གྱུར། ལོ་མང་པོར་འབད་འཐབ་བྱས་པ་བརྒྱུད་བསཌ་པའི་རྩ་ཆེའི་ཉམས་མྱོང་དང་བློ་འབྱེད་དག་ལས་དུས་རབས་གསར་པར་ང་ཚོས་སྒྱུར་བཅོས་སྒོ་དབྱེ་མཐར་ཕྱིན་བྱ་རྒྱུའི་ཆོད་སེམས་བརྟན་དུ་སོང་ལ་སྒུལ་ཤུགས་ཀྱང་ཆེ་རུ་ཕྱིན་ཡོད།

    ང་ཚོས་སྒྱུར་བཅོས་སྒོ་དབྱེ་མཐར་ཕྱིན་པ་བྱེད་དགོས་ན། བོད་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ཡི་རིང་བྱུང་བའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཤེས་རྟོགས་བྱེད་པ་དང་ཆབས་ཅིག རྩ་ཆེའི་ཉམས་མྱོང་དག་ཕྱོགས་སྡོམ་ལེགས་པར་བྱེད་དགོས། དེ་ལྟར་བྱས་ན་གཞི་ནས་དུས་རབས་གསར་པར་བོད་ལྗོངས་གསར་པས་འགོ་འཛུཌ་ས་གསར་པར་ཟིལ་རླབས་དགུང་དུ་འཕྱུར་བའི་རླབས་ཆེན་བྱ་གཞག་རྒྱུན་ཆད་མེད་པར་གཏོད་པར་སྐུལ་འདེད་བརྟན་པོ་གཏོང་ཐུབ།

    སྒྱུར་བཅོས་སྒོ་དབྱེ་མཐར་ཕྱིན་པ་བྱེད་པར“ངེས་པར་དུ་མཐའ་འཁྱོངས་བྱེད་དགོས་པ་དྲུག”ལག་བསྟར་བྱེད་དགོས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ཡི་རིང་བསགས་པའི་ཉམས་མྱོང་དང་བློ་འབྱེད་ཁག“ངེས་པར་དུ་མཐའ་འཁྱོངས་བྱེད་དགོས་པ་དྲུག”ལ་བསྡུས་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་རིགས་པའི་གཞུང་ལུགས་ཀྱི་ཁ་ཕྱོགས་ཤིག་བསྟན་ཡོད། དེ་ལས་ང་ཚོ་བོད་ལྗོངས་བརྟན་ལྷིང་དང་། བོད་ལྗོངས་དར་རྒྱས། བོད་ལྗོངས་སྟོབས་ཆེར་གཏོང་བ་བཅས་ཀྱི་དམིགས་ཚད་དང་སྔར་བས་ཉེ་བཅར་བྱུང་ནས་ལོ་རྒྱུས་མདུན་སྐྱོད་ཀྱི་གཏན་ཚིགས་ཁྲོད་དུ་མདུན་སྐྱོད་དང་། དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་ཁྲོད་དུ་འཕེལ་རྒྱས། མེས་རྒྱལ་འབད་འབུངས་མདུན་སྐྱོད་ཀྱི་ལམ་བུའི་ཁྲོད་དུ་འབད་འབུངས་མདུན་སྐྱོད་བཅས་ཐུབ་པ་རེད།

    བོད་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་དང་མེས་རྒྱལ་ཉིན་བཞིན་དར་རྒྱས་གོང་འཕེལ་ཡོང་ཆེད། ང་ཚོས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་སྒྱུར་བཅོས་སྒོ་དབྱེ་མཐར་ཕྱིན་བྱ་རྒྱུར་དམ་འཛིན་ལྷོད་མེད་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།