[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཀུན་སྤྱོད་སློབ་གསོའི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཧྥེ་ཚུང་།    |    སྤེལ་དུས།   2019-03-13

    སྤུས་ཚད་མཐོ་བའི་སློབ་གསོ་དང་ལེན་བྱ་རྒྱུ་ནི་ནང་སའི་བོད་ལྗོངས་འཛིན་གྲྭར(སློབ་གྲྭ)སློབ་སྦྱོང་བྱེད་པར་སྐྱོད་མཁན་གྱི་སློབ་མ་དང་ཁྱིམ་བདག་ཚང་མའི་འདུན་པ་བཟང་པོ་ཞིག་རེད། སྨྱུག་འཛིན་པས་ངོས་འཛིན་བྱས་དོན། ཀུན་སྤྱོད་སློབ་གསོའི་ཆུ་ཚད་ནི་སྤུས་ཚད་མཐོ་བའི་སློབ་གསོའི་རིན་ཐང་ལ་བསྡུར་ཞིབ་བྱེད་པའི་ཚད་གཞི་གལ་ཆེན་ཞིག་ཡིན་པ་དང་། ཀུན་སྤྱོད་སློབ་གསོ་གཏོང་ཤུགས་མི་འདང་ན་ཕྱོགས་ཡོངས་ཀྱི་ཤེས་ལྡན་པ་དང་སློབ་མར་སྐྱོན་བྲལ་གྱི་ཀུན་སྤྱོད་འཇགས་ཐབས་བྲལ། 

    ཀྲེ་ཅང་ཞིང་ཆེན་ཧྲའོ་ཤིང་བོད་ལྗོངས་མི་རིགས་སློབ་འབྲིང་གིས་བོད་རྒྱ“མཉམ་འདྲེས་རྣམ་པའི”སློབ་གསོ་དེ་ཀུན་སྤྱོད་སློབ་གསོའི་དོ་དམ་བྱ་གཞིར་བརྩིས་ནས་དམ་འཛིན་བྱས་ཏེ་སློབ་གྲྭའི་སློབ་གསོ་སློབ་ཁྲིད་སྒྱུར་བཅོས་རྒྱུན་ཆད་མེད་པར་གསར་གཏོད་ཀྱིས་ཤུགས་རྒྱག་པ་དང་། སེམས་རྣལ་དུ་ཕབ་པ། བརྩེ་སེམས་འཆང་བ་བཅས་ཀྱི་ཐོག་ནས་བློ་རྩ་བརྟན་པའི་མི་རིགས་མཐུན་སྒྲིལ་གྱི་སྲུང་སྐྱོང་པ་དང་། ཚད་གཞི་ལོན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ། བློས་འགེལ་ཆོག་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱུན་འཛིན་པ་བཅས་གསོ་སྐྱོང་བྱས་པར་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་ཡོད། 

    ནང་སའི་བོད་ལྗོངས་འཛིན་གྲྭའི(སློབ་གྲྭ)ཀུན་སྤྱོད་དང་བསམ་བློ་ཆབ་སྲིད་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་རྩ་ཆེའི་ཉམས་མྱོང་གསོག་འཇོག་བྱས་ཡོད། འོན་ཀྱང་ང་ཚོས་དུས་རབས་གསར་པའི་བསམ་བློ་ཆབ་སྲིད་ལས་དོན་ལ་འགྲན་སློང་གསར་པ་དང་ཞིབ་འཇུག་བྱ་གཞི་གསར་པ་འཕྲད་ནས་སློབ་གྲྭའི་བསམ་བློ་ཆབ་སྲིད་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པར་ལས་འགན་ཧ་ཅང་དཀའ་ཚེགས་ཆེན་པོ་ཡིན་སྟབས། ནང་སའི་བོད་ལྗོངས་འཛིན་གྲྭའི(སློབ་གྲྭ)བསམ་བློ་ཆབ་སྲིད་ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་དགོས་པ་རིག་པ་དྭངས་གསལ་གྱི་སྒོ་ནས་མཐོང་ཐུབ་པ་བྱེད་དགོས། 

    “མི་གང་འདྲ་ཞིག་གསོ་སྐྱོང་བྱེད་དགོས་པ་དང་། མི་སྣ་གསོ་སྐྱོང་ཇི་ལྟར་བྱེད་དགོས་པ། སུའི་ཆེད་དུ་མི་སྣ་གསོ་སྐྱོང་བྱེད་དགོས་པ”བཅས་ནི་ནང་སའི་བོད་ལྗོངས་འཛིན་གྲྭས(སློབ་གྲྭ)དུས་དང་རྣམ་པ་ཀུན་ཏུ་གྲོས་བསྡུར་བྱ་གཞི་ཞིག་རེད། ད་ཆ་ནང་སའི་བོད་ལྗོངས་འཛིན་གྲྭའི(སློབ་གྲྭ)སློབ་ཐོན་སློབ་མ་མང་དག་ཅིག་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་ལ་སྐུལ་འདེད་གཏོང་བའི་རྐང་འཛིན་སྟོབས་ཤུགས་ཤིག་ལ་གྱུར་ཡོད། སློབ་གྲྭའི་བསམ་བློ་ཆབ་སྲིད་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་ཏང་གི་སློབ་གསོའི་མཛད་ཕྱོགས་དང་། ཚད་གཞི་ལོན་པའི་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པའི་ངོ་བོའི་བླང་བྱ་ལག་བསྟར་བྱེད་པ་ཞིག་དང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་མངོན་འགྱུར་ཡོང་བའི་ནང་གནས་ཀྱི་དགོས་མཁོ་ཞིག སློབ་གྲྭའི་ཚན་རིག་དང་མཐུན་པའི་དོ་དམ་མངོན་འགྱུར་ཡོང་བ་བྱེད་པའི་དགོས་ངེས་ཀྱི་བྱེད་ཐབས་ཤིག་བཅས་རེད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་60འཁོར་བར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་དེ་ནང་སའི་བོད་ལྗོངས་འཛིན་གྲྭའི(སློབ་གྲྭ)སློབ་གཉེར་སློབ་སྐྱོང་གི་ཕྱོགས་གང་སར་ཁྱབ་པར་བྱེད་པ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་གཞི་རྩའི་ལས་འགན་དོན་འཁྱོལ་བྱས་ནས་ནང་སའི་བོད་ལྗོངས་འཛིན་གྲྭའི(སློབ་གྲྭ)བསམ་བློ་ཆབ་སྲིད་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་ཧུར་ཐག་གཏོད་དགོས། ནང་སའི་བོད་ལྗོངས་འཛིན་གྲྭའི(སློབ་གྲྭ)སློབ་གཉེར་ཕན་འབྲས་ནུས་ཤུགས་ཡོད་རྒུས་ཆེ་རུ་བཏང་སྟེ། ནང་སའི་བོད་ལྗོངས་འཛིན་གྲྭའི(སློབ་གྲྭ)སྒྱུར་བཅོས་འཕེལ་རྒྱས་ཀྱི་དགོས་མཁོ་དངོས་ལ་སྔར་བས་དམིགས་པ་དང་། དགེ་རྒན་གྱི་ཀུན་སྤྱོད་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་ཤུགས་སྣོན། དགེ་རྒན་གྱི་འདུ་ཤེས་གསར་བརྗེས། སློབ་ཁང་གི་སློབ་ཁྲིད་སྤུས་ཚད་ལེགས་གཏོང་། བྱང་ཚད་མཐོ་བའི་སློབ་གསོའི་དཔུང་ཁག་འཛུགས་སྐྱོང་བཅས་ལ་བརྟེན་ནས་ནང་སའི་བོད་ལྗོངས་འཛིན་གྲྭ(སློབ་གྲྭ)རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། མི་དམངས་མང་ཚོགས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་དགོས། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།