[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ལུ་ལིས་ཅོན།    |    སྤེལ་དུས།   2019-03-13

    2019ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་འགག་རྩའི་ལོ། བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་60འཁོར་བའི་ལོ་བཅས་དོན་ཆེན་མང་པོ་དང་བཀྲ་ཤིས་པའི་བྱ་བ་མང་བའི་ལོ་རེད། ལོ་གསར་པར་རེ་སྒུག་གསར་པ་དང་འགན་འཁྲི་གསར་པ་ཡོད་ལ་བྱས་རྗེས་གསར་པའང་འཇོག་དགོས། མིག་སྔར། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་འགག་སྒྲོལ་དཀའ་སེལ་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཆེད་འབད་བརྩོན་ལྷོད་མེད་བྱེད་པའི་སྐབས་འདིར། སྲིད་ཞུགས་སྲིད་གླེང་གི་རྩ་འཛུགས་དང་ཁོངས་མི་གལ་ཆེན་ལྷ་ས་གྲོང་ཁྱེར་གྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཀྱི་ཨུ་ཡོན་གྱིས་འཕེལ་རྒྱས་དང་བརྟན་ལྷིང་ལ་ལྟ་ཚུལ་ཡང་དག་དང་གནད་སྨིན་དེ་བས་མཁོ་འདོན་བྱེད་དགོས།

    འགན་འཁྲི་ནི་རི་བོ་ཐན་ཧྲན་ལས་ལྕི་བ་ཡོད། ལྷ་ས་གྲོང་ཁྱེར་གྱི་རིམ་ཁག་སྲིད་གྲོས་ཨུ་ཡོན་གྱིས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མུ་མཐུད་མཐའ་འཁྱོངས་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་བ་དང་། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པར་སློབ་གསོ་ཁྲིད་སྟོན། མ་རྩོམ་ཀློག་པ་དང་། མ་ཡིག་སྦྱོང་བ། རྩ་བའི་རིག་པ་ཁོང་དུ་ཆུད་པ་བཅས་བྱས་ཏེ་གསལ་པོ་ཤེས་པ་དང་། མཐར་ཕྱིན་པ་ཤེས་པ། ཁོང་དུ་ཆུད་པ་བཅས་ཀྱི་ཐད་ཤུགས་སྣོན་རྒྱག་དགོས།

    ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཏང་གིས་སྲིད་གྲོས་ཀྱི་བྱ་གཞག་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་ནི་མིག་སྔའི་མི་དམངས་སྲིད་གྲོས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེ་ཤོས་དེ་ཡིན་པ་དང་། ཏང་སྲིད་ཀྱི་ལྟེ་བའི་ལས་དོན་དང་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ལ་གཞིགས་ནས་ལས་འགན་གཙང་སྒྲུབ་བྱེད་པ་ནི་མི་དམངས་སྲིད་གྲོས་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་རེད། སྲིད་གྲོས་རིམ་ཁག་རྩ་འཛུགས་དང་བྱེད་སྒོ་ཁག་ཏུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མུ་མཐུད་མཐའ་འཁྱོངས་བྱས་ནས་སྲིད་གྲོས་ཀྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།